[419A]༄༅། །འ་༄༅། །རྒྱ་བོད་དུ་བསྟན་པའི་སྦྱིན་བདག་རྒྱལ་བློན་ཇི་ལྟར་བྱུང་ཚུལ་གྱི་མཚན་ཐོ་བཞུགས་སོ།། །། [420B]༄༅། །འདུལ་བ་ལུང་ལས། རྒྱལ་པོ་རྣམས་ནི་ཚིག་གིས་འགྲུབ་།ལྷ་རྣམས་བསམ་པས་འགྲུབ་འགྱུར་ཞིང། །ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །དེ་བཞིན་བསམ་གཏན་པ་རྣམས་ཀྱིས། །སེམས་བསྐྱེད་པས་ ནི་ཐམས་ཅད་འགྲུབ། །ཅེས་དང། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག་སྡེབ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག་ཟླ་བ་རྒྱུ་སྐར་རྣམས་ཀྱི་མཆོག་ཉི་མ་ སྣང་བྱེད་རྣམས་ཀྱི་མཆོག་སྟེང་དང་འོག་དང་ཐད་ཀར་དང་།འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟར། ལས་དགེ་སྡིག་ གང་ལ་ཡང་ཚིག་ཙམ་གྱིས་འགྲུབ་པ་མི་ཡི་མཆོག་རྒྱལ་པོ་རྣམས་རྒྱ་གར་དང་བོད་དུ་བྱུང་ཚུལ་མདོར་བསྡུས་བཤད་ན། བསྐལ་པ་དང་པོ་ཆགས་པའི་མཇུག་གནས་པའི་འགོ་བརྩམས་པ་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ་ མང་བཀུར་རྒྱལ་པོ་བྱུང་ཞིང། དེ་ནས། སྟོན་པ་ཤཱཀྱ་ཐུབ་པའི་ཡབ་རྒྱལ་པོ་ཟས་གཙང་གི་བར་དུ། འཇིག་རྟེན་གདགས་པ་ལྟར་ན། རྒྱལ་པོ་འབུམ་ཕྲག་གཅིག་ལྔ་ཁྲི་ལྔ་སྟོང་ཆིག་བརྒྱ་ཞེ་དགུ་སོང་ཞིང། ས་ སྐྱ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་ལྟར་ན། རྒྱལ་རབས་ས་ཡ་ཕྲག་གཅིག་ཁྲི་ཕྲག་བདུན། སྟོང་ཕྲག་བཞི། བརྒྱ་ཕྲག་ལྔ་དང་བརྒྱད་སོང། འགོས་ལོའི་དེབ་ཐེར་ལྟར་ན། རྒྱལ་པོ་ས་ཡ་ཆིག་འབུམ་ཉི་ཁྲི་ [422B] བཻཌཱུརྱ་དཀར་པོ་ལྟར་ན། རྒྱལ་པོ་འབུམ་ཚོ་དགུ། ཁྲི་ཕྲག་གསུམ། སྟོང་ཕྲག་བདུན། ལྔ་བརྒྱ། སོ་གཉིས་སོང་ཞིང། གང་ལྟར་ཡང་རྒྱལ་པོ་དེ་དག་གི་སྐུ་རིང་ལ། དང་པོ་མི་རིགས་ལྔ་ བྱུང་སྟེ། རྩོད་ལྡན་གྱི་དུས་སུ། འཁོར་བས་སྐྱོ་སྟེ་ནགས་སུ་སོང། །བསམ་གཏན་ཐོབ་སྟེ་མངོན་ཤེས་འཆར། །དེ་ལ་མི་ཡི་དྲང་སྲོང་ཟེར། །བསམ་གཏན་མ་ཐོབ་གྲོང་དུ་བབས། །སྙན་ངག་སོགས་འཚོ་བྲམ་ཟེའི་རིགས། ། དཔྱ་ཁྲལ་ལ་དབང་རྒྱལ་པོའི་རིགས། །ཚོང་དཔོན་ལ་སོགས་རྗེ་འུ་རིགས། །ཞིང་ལས་ཀྱིས་འཚོ་དམངས་རིགས་ཏེ། །སྲོག་གཅོད་ལ་སོགས་ངན་ལས་ཀྱིས། །འཚོ་བ་གདོལ་པའི་རིགས་ཡིན་ནོ། །ཞེས་པ་ལྟར་ བྱུང་ངོ། །དེ་ནས། རྒྱལ་པོ་ང་ལས་ནུའམ། སྤྱི་བོ་སྐྱེས་སོགས་གསེར་དངུལ་ཟངས་ལྕགས་བཞི་ཡི་འཁོར་ལོ་བསྒྱུར་རྒྱལ་སོགས་ཀྱིས་གླིང་བཞི། གླིང་གསུམ། གླིང་གཉིས། གླིང་གཅིག་ལ་དབང་བ་རྣམས་བྱུང་ངོ། ། དེ་ནས་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་སྐབས་སུ། བསྐལ་བཟང་གི་སངས་རྒྱས་སྟོང་གི་ཐོག་མར། སངས་རྒྱས་འཁོར་བ་འཇིག་བྱོན། བཞི་ཁྲིའི་སྐབས་སུ་གསེར་ཐུབ། ཉི་ཁྲིའི་སྐབས་སུ་འོད་སྲུང། ཚེ་ལོ་བརྒྱ་ པའི་དུས་སུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཕེབས་པའོ། །ཡབ་རྒྱལ་པོ་ཟས་གཙང་ལ་སྐུ་མཆེད་བཞི་ཡོད་དོ། །ཟས་དཀར་ཟས་བྲའོ་ཟས། བདུད་རྩི་ཟས། ཟས་གཙང་དང་བཞི། བདུད་རྩི་ཟས་ལ་ཚད་མེད་ཟས་ ཀྱང་ཟེར། ཟས་དཀར་ཟས་ཀྱི་བུ་རྒྱལ་བ་དང། བཟང་ལྡན། བུ་མོ་དཀར་མོ་དང་གསུམ། བྲའོ་ཟས་ཀྱི་བུ་ཤཱཀྱའི་མིང་ཅན་དང་འཕགས་པ་མ་འགག་པ། བུ་མོ་བྲའོ་མ་དང་གསུམ། བདུད་རྩི་ཟས་ཀྱི་བུ། ཉན་ [423A]༄༅། །ཐོས་ཀུན་དགའ་བོ་དང། དགེ་སློང་ལྷས་བྱིན། བུ་མོ་བདུད་རྩི་མ་དང་གསུམ། ཟས་གཙང་མ། གྲོང་ཁྱེར་ལྷས་བསྟན་གྱི་ཤཱཀྱ་ལེགས་པ་རབ་སད་ཀྱི་བུ་མོ་སྤུན་གཉིས་བཙུན་མོར་བླངས་པས། བཙུན་མོ་ཆེ་བ་ སྐྱེ་རྒུའི་བདག་མོ་ལ་ཉན་ཐོས་མཛེས་དགའ་འཁྲུངས། བཙུན་མོ་ཆུང་བ་སྒྱུ་འཕྲུལ་ལྷ་མོ་ལ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འཁྲུངས། ཡང་ཟས་གཙང་ལ་བུ་མོ་གཙང་མ་ཟེར་བ་ཡོད་པས། བུ་མོ་ གཙང་མའི་སྲས་ལེགས་པ་རབ་སད། བུ་མོ་དཀར་མོའི་སྲས་འཕྲེང་བ་ཅན། བུ་མོ་བྲེ་མོའི་སྲས་བཟང་ལེན། བུ་མོ་བདུད་རྩི་མའི་སྲས་དགེ་འཕེལ་ཏེ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་ཚ་བོ་བཞིའོ་།མཉམ་མེད་ ཤཱཀྱའི་རྒྱལ་པོ་དེ། དགུང་ལོ་ཉེར་དགུའི་བར་རྒྱལ་སྲིད་བཟུང་སྟེ། བཙུན་མོ་ས་འཚོ་མས་གཙོས་ཉི་ཁྲི། བཙུན་མོ་གྲགས་འཛིན་མས་གཙོས་ཉི་ཁྲི། བཙུན་མོ་རི་དྭགས་སྐྱེས་ཀྱིས་གཙོས་ཉི་ཁྲི་སྟེ། བཙུན་མོ་དྲུག་ཁྲི་ ཁབ་ཏུ་བཞེས་པས། བཙུན་མོ་གྲགས་འཛིན་མ་ལ་སྲས་གནས་བརྟན་སྒྲ་གཅན་འཛིན་བྱུང། དེ་ནས་མང་བཀུར་རྒྱལ་པོའི་རྒྱལ་རབས་རྫོགས། ཞེས་གསུངས་ཀྱང་དཀར་པོ་རྣམ་གསུམ་གྱི་ནང་ཚན་རྗེ་བཙུན་གྲགས་རྒྱན་ པའི་བཞེད་པ་ལྟར་ན་བསྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ན་རྒྱལ་རིགས་སུ་བྱོན་པ་ཐམས་ཅད་འཁོར་ལོས་བསྒྱུར་རྒྱལ་གྱི་རྒྱལ་རིགས་སུ་གསུངས་པས། འཁོར་ལོས་བསྒྱུར་བའི་རྒྱལ་རིགས་ཡིན་ཚད། མང་བཀུར་ རྒྱལ་པོའི་རྒྱལ་རིགས་ལས་མ་འདས་པས། བསྐལ་པ་འདི་ལ་མང་བཀུར་རྒྱལ་རིགས་མི་རྫོགས་སོ། །འོ་ན་མངོན་པར་འབྱུང་བའི་མདོ་ལས་སྒྲ་གཅན་འཛིན་ནས་མང་བཀུར་རྒྱལ་པོའི་རྒྱལ་རབས་རྫོགས་གསུངས་པ་ཇི་ [424B] དེ་ནི་ཤཱཀྱའི་རིགས་སམ། ཡང་ན་ཤཱཀྱའི་རིགས་སོགས་མངའ་ཐང་ཆེ་བ། བསྐལ་པ་ཡ་ཐོག་འདིར་དེ་ཡིས་རྫོགས་པ་ལ་དགོངས་སོ་ཞེས་གསུངས། སྟོན་པ་ཤཱཀྱའི་རྒྱལ་པོ་གྲོང་ཁྱེར་སེར་སྐྱའི་ རྒྱལ་པོའི་ཕོ་བྲང་དུ་ས་ག་ཟླ་བའི་བཅོ་ལྔར་ལྷུམས་སུ་ཞུགས་ཏེ། ལོ་ཕྱི་མའི་དབོ་ཟླའི་ཚེས་བཅུར་གྲོང་ཁྱེར་སེར་སྐྱའི་ལུམ་བིའི་སྐྱེད་ཚལ་དུ། རྒྱལ་པོ་ཟས་གཙང་གི་བཙུན་མོ་ཆུང་བ་སྒྱུ་འཕྲུལ་ལྷ་མོའི་མཆན་ཁུང་ གཡས་ནས་སྐུ་བལྟམས་པའི་ཚེ། དེ་དང་དུས་མཉམ་དུ། གཏེར་ཁ་ལྔ་བརྒྱ། རྟེའུ་ལྔ་བརྒྱ། ཁྱུ་མཆོག་ལྔ་བརྒྱ། ཤཱཀྱའི་བུ་ལྔ་བརྒྱ། རྒྱལ་པོ་ཆེན་པོ་བཞི་ལ་སྲས་བཞི་འཁྲུངས་ཏེ་ཡུལ་དབུས་མ་ག་དྷ་ན་རྒྱལ་ པོ་གཟུགས་ཅན་སྙིང་པོ། མཉན་ཡོད་ཀོ་ས་ལ་ན་རྒྱལ་པོ་གསལ་རྒྱལ། གྲོང་ཁྱེར་འཕགས་རྒྱལ་ན་རྒྱལ་པོ་གཏུམ་པོ་རབ་སྣང་ཀོའུ་ཤམ་བཧི་ན་པད་ས་ལའི་རྒྱལ་པོ་འཆར་བྱེད་དམ་ཤར་པ་བཞི་འཁྲུངས་སོ། །རྒྱལ་པོ་ ཤར་པའི་རྒྱལ་རབས་ལྔ་ན་བུ་མཚན་ལྟས་གཞན་དང་མི་འདྲ་བ་ཞིག་བྱུང་བ། ལས་ཀྱི་དབང་གིས་མཚན་ལྟས་ལེགས་པར་མ་མཐོང་ནས་སྒྲོམ་དུ་བཅུག་ནས་ཆུར་སྐྱུར་བཏང་བས། ཆུ་འགྲམ་ཞིག་ཏུ་རྒྱ་གར་བའི་ཞིང་པ་ ཁ་ཤས་ཀྱིས་རྙེད་དེ། ཁ་ཕྱེ་བས་བྱུང། རྒྱལ་བུ་ཡབ་རྒྱལ་པོའི་མཛད་སྤྱོད་ལ་སྐྱོ་སྟེ། རང་གི་ཁྱིམ་དུ་མ་སོང་བར་འཁྱམས་ཏེ་ལོ་མང་དུ་སོང་བའི་མཐར་བོད་དུ་ཕྱིན་ཏེ། རྩེད་ཐང་གི་ཉེ་སྐོར་ལྷ་རི་ཡོལ་པོ་འམ་ རོལ་པའི་རི་ལ་སླེབས་པ་ན། ཕྱུགས་རྫི་རྣམས་ཀྱིས་རྙེད་ནས་བལྟ་བས་མི་ངོམས་པའི་གཟུགས་ལ་ཤིན་ཏུ་ཡ་མཚན་ཏེ། གཉའ་བ་ལ་ཁྲི་བཏེགས་བྱས་ནས་ཁྱིམ་དུ་གདན་དྲངས་ཏེ། རྒྱལ་པོར་བསྐོས་པས། བོད་ཆོས་རྒྱལ་ [425A]༄༅། །གདུང་རྒྱུད་ཐོག་མ་གཉའ་ཁྲི་བཙན་པོ་ཡིན། དེ་དུས་སུ་བོན་པོ་ཤིན་ཏུ་མང་བས་བོན་གྱི་ལྷས་གནང་སྟེ་ནམ་མཁའ་ལས་བབས་པ་ཡིན་ཟེར་བ་སོགས་མང་ཡང་དག་པ་ནི་སྔར་བཤད་པ་དེ་ཡིན། བོད་ཆོས་རྒྱལ་གདུང་ རྒྱུད་གཉའ་ཁྲི་ནས། གླང་དར་རྒྱལ་པོའི་བར་བཞི་བཅུ་རིམ་བྱོན་དང། ཁྱད་པར་དུ་ཡང་ཆོས་རྒྱལ་སྲོང་བཙན། ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་ཏེ། རིམ་བཞིན་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་ པའི་མེས་དབོན་རྣམ་གསུམ་གྱིས་ཁ་ལོ་བསྒྱུར། བོད་གངས་ཅན་གྱི་ལྗོངས་དེ་རྒྱ་ཁྱོན་ཇི་ཙམ་ཡོད་ཅེ་ན། སྤྱིར་འཛམ་བུ་གླིང་དེ་རྨ་བྱ་ཆེན་མོའི་མདོ་ལས། ཡུལ་འཁོར་ལྔ་བརྒྱ། ཡུལ་ལྗོངས་ཆེན་པོ་བཅུ་དྲུག་ ཡུལ་ཕྲན་སྟོང། མི་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་པ་བདུན་བརྒྱ་ཉི་ཤུའོ། །ཞེས་གསུངས་ཤིང། དེ་ལ་ཆོས་དར་བ་དང་མ་དར་བའི་ཕྱོགས་ཇི་ཙམ་ཞེ་ན། འཛམ་གླིང་སོག་ཁ་ལྟ་བུའི་ མཐའ་བསྐོར་ཐམས་ཅད་ཆོས་མ་དར་བ་སྟེ། དེ་གང་ཞེ་ན། ཀློ་དང། རྡོ་དང། ཁ་ཕྲ་དང། ཁ་སོག་དང། ག་ཞ་དང། ཁ་སུ་ར་དང། དམར་དང། རྩ་ཕུང་དང། རྡོ་བོ་ར་དང། བྲམ་ཙ་དང། ཧུ་ཐུག་ དང། ཆ་གླིང་དང། སྤྲེལ་སླག་དང། ཁྱི་ཁྱོ་དང། དར་སློག་དང། ཞྭང་ཚ་དང། ཙུ་ཏའི་གླིང་སོགས་མང་ངོ། །ཆོས་དར་བའི་ཡུལ་ནི། རྒྱ་གར་དང་ཁ་ཆེའི་ཕྱོགས་གཅིག་དང། སིང་ག་གླིང་དང། ཨོ་རྒྱན་དང་ ཟ་ཧོར་དང། གསེར་གླིང་དང། ཤམ་བྷ་ལ་དང། སིང་གའི་གླིང་དང། ཟངས་གླིང་དང། ལི་ཡུལ་དང། རྒྱ་ནག་གི་ཡུལ་དང། བལ་ཡུལ་དང། བོད་ཡུལ་རྣམས་སོ། །ཆོས་དར་བའི་ཡུལ་བཅུ་གཅིག་གི་ནང་ [426B] བོད་ཡུལ་གཅིག་པོ་ངོས་འཛིན་ནི། རྒྱལ་བ་འབྲོམ་སྟོན་པས་མངོན་ཤེས་ཀྱིས་བརྟགས་ཏེ་བཀའ་བསྩལ་པ་ནི། ཨོམ་སྭ་སྟི་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ། །རྒྱལ་པོ་ས་ཡི་སང་ག་ཡིས་།འབྲོམ་སྟོན་རྒྱལ་ བའི་འབྱུང་གནས་ལ། །བོད་ཀྱི་གནས་ཚུལ་འདི་ཞུས་སོ། །བོད་ཀྱི་སྐྱབས་གནས་ས་ཡི་བདག་ཐོགས་མེད་ལྡན་པའི་བློ་གྲོས་ཅན། །འབྲོམ་རྗེ་དམ་པ་ཚུར་གསོན་དང། །རྒྱལ་པོ་ས་ཡི་སང་ག་ང། །རྒྱ་གར་ རི་ཐང་ཡངས་པོ་ནས། །བོད་ཡུལ་རི་སུལ་ཆེན་པོ་འདིར། །ཨ་ཏི་ཤ་ཡི་རྗེས་འབྲངས་ནས། །བདག་གི་ཡུལ་ལ་མཁས་ན་ཡང། །རྒྱུས་མེད་ཡུལ་འདིར་མགོ་བོ་འཐོམ། །དེ་ཕྱིར་བོད་ཀྱི་ཡུལ་འདི་ན། །ཡུལ་གྱི་ ས་དཔྱད་དུ་རུ་སྲིད། །དེ་ལ་འབྲོམ་གྱིས་ལན་གསུངས་པ། །ས་བདག་རྒྱལ་པོ་ང་ལ་ཉོན། །སྤྱི་མིང་ཁ་བ་ཅན་ལྗོངས་ན། །སྒོས་མིང་དབུས་གཙང་ཁམས་གསུམ་ཟེར། །དྭགས་ཀོང་ལོང་པོ་ཉང་དང་བཞི། །མཐའ་ འཁོབ་བྱང་ཐང་འབྲོག་དང་ལྔ། །ཡུལ་གྱི་ས་དཔྱད་བརྒྱད་དུ་གནས། །མངའ་རིས་ལ་ཡང་རྣམ་པ་གསུམ། །གཙང་ལ་གཡས་རུ་གཡོན་རུ་གཉིས། །ཟད་དང་འབྲི་ཚལ་ལྷོ་མོན་གསུམ། །སྲད་དང་རུ་མཚམས་ འུ་ཡུག་ཤངས། །ལ་ཕྲན་ལུང་ཕྲན་ཉིས་བརྒྱ་གསུམ། །དབུས་ན་དབུ་རུ་གཡུ་རུ་གཉིས། །དབུ་རུ་ལ་ཡང་ལྷོ་བྱང་གཉིས། །ལྷོ་ན་འཕན་ཡུལ་སྟོད་ལུང་གཉིས། །བྱང་ན་ཞོ་དང་མལ་གྲོ་གཉིས་།ལུང་ཕྲན་ཆེན་ པོ་ཉིས་བརྒྱ་གསུམ། །སྟོད་སྨད་ཆ་ལ་སྟོང་ཕྲག་བཞི། །ཁམས་ཀྱི་ཆ་ལ་ཉིས་བརྒྱ་བཅུ། །མདོར་ན་གངས་རིའི་ཁྲོད་འདི་ན་།ལུང་ཆེན་སྟོང་དང་ལྔ་བརྒྱ་ཡོད། །ལུང་སུལ་ཁྲི་དང་ཉིས་སྟོང་ཡོད། །རི་བོ་ཁྲི་ཕྲག་ [427A]༄༅། །བཅུ་བཞི་ཡོད། །རི་ཕྲན་འབུམ་ཚོ་ཉི་ཤུ་ལྔ། །ཐང་ཆེན་སྟོང་དང་དྲུག་ཅུ་བདུན། །ཐང་ཕྲན་འབུམ་ཕྲག་བཅུ་བདུན་ཡོད། །ཆུ་བོ་ཆེན་པོ་བཞི་རུ་གནས། །ཆུ་ཕྲན་འབུམ་ཚོ་སུམ་ཅུ་ལྔ། །ཆུ་མིག་འབུམ་ ཕྲག་བཞི་བཅུ་དྲུག་བྲག་རི་ཁྲི་ཕྲག་དགུ་རུ་གནས། །ལམ་འཕྲང་ཁྲི་ཕྲག་བཅུ་དགུ་སྟེ། །བོད་ཡུལ་ཁྱོན་ནི་དེ་ཙམ་ཞིག་།ས་ཡི་སང་ག་ཆེས་མཚར་ནས། །འབྲོམ་ལ་སླར་ཡང་འདི་ཞུས་པ་།བོད་ལ་ཤིང་སྒོ་དུ་ ཞིག་ཡོད། །འབྲོག་ན་སྦྲ་ཁྱིམ་དུ་ཞིག་གནས། །སྡེ་དགོན་ལྷ་ཁང་གྲངས་ལ་དུ། །མིག་ཅན་ཁྱོད་ཀྱིས་བསྟན་དུ་གསོལ། །འབྲོམ་རྗེས་དེ་ལ་ལན་གསུངས་པ། །ཤིང་སྒོ་འབུམ་ཚོ་ལྔ་སྟོང་ཡོད། །སྦྲ་ཁྱིམ་འབུམ་ ཕྲག་ཉི་ཤུ་བཞི། །སྡེ་དགོན་ལྔ་བཅུ་རྩ་ལྔ་ཡོད། །ས་ཡི་སང་ག་ཡ་མཚན་ནས། །སླར་ཡང་ཞིབ་ཏུ་འདི་ཞུས་སོ། །བོད་ལ་མི་ལ་སྐྱེས་པ་དུ། །ཟ་མ་བུད་མེད་ཇི་ཙམ་ཞིག་དེ་དག་ཀུན་ལ་ཆོས་མཛད་དུ། ། ཆོས་བྱེད་ཀུན་ལ་ཡར་འགྲོ་དུ། །འགྲོས་རྗེས་དེ་ལ་ལན་གསུངས་པ་།བོད་ན་སྐྱེས་པ་བྱེ་བ་གསུམ། །ཟ་མ་བུད་མེད་བྱེ་བ་བཞི། །ཆོས་ལ་སྤྱོད་པ་ཁྲི་ཕྲག་བཞི། །ཡར་འགྲོའི་ཆོས་པ་བཞི་བརྒྱ་སྟེ་།ས་ཡི་བདག་ པོ་ཚུར་གསོན་དང། །ངོ་བོའི་ལས་ཀྱི་མེ་ལོང་ལ། །ལས་ཀྱི་གཟུགས་བརྙན་སྣ་ཚོགས་འཆར། །འཁྲུལ་བ་མངའ་བ་རྗེ་ལ་བཤགས། །ས་བདག་ཐུགས་དགོངས་རྫོགས་པར་མཛོད། །ཅེས་བོད་ཀྱི་རྣམ་གཞག་ གསུངས་སོ། །རྒྱལ་བ་འབྲོམ་གྱིས་དེ་སྐད་གསུངས་པས། ད་ལྟ་བོད་དང་བོད་ཆེན་པོ་ཟེར་ཞིང། བོད་ཆེན་པོ་ལ་མདོ་སྟོད་མདོ་སྨད་གཉིས་སུ་ཕྱེ་ནས་མདོ་སྟོད་ནི་བར་ཁམས་པ་རྣམས་དང། མདོ་སྨད་ནི་ [428B] བོད་ནི་དབུས་གཙང་རུ་བཞི་ལ་ཟེར་རོ། དབུས་ཀྱི་རུ་གཉིས་ནི་དབུ་རུ་སྐྱིད་ཤོད་ཕྱོགས་དང། གཡོ་རུ་ངམ་ཤོད་ལྷོ་ཁའི་ཕྱོགས་ལ་བྱེད་དོ། །གཙང་གི་རུ་གཉིས་ནི་རུ་ ལག་ཤབ་འགྱེད་ཀྱི་ཕྱོགས་དང། གཡས་རུ་ཉང་ཆུ་གཞུང་ལ་ཟེར་རོ། །ཡང་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་དང་ཡང་ན་གསུམ་ཟེར་ཞིང། དེ་ནི་རྨ་ཆུ། གཙང་ ཆུ། ཉང་ཆུ། འབྲི་ཆུ། ངོམ་ཆུ། གཙང་དབུས་གཉིས་ཀྱི་ཆུ་འདྲེས་པ་ལོ་ཧི་ཏའམ་ཆུ་བོ་སི་ཏ་ཡང་ཟེར་བའི་གཙང་ཆུ་སྟེ་ཆུ་རེའི་བར་ལ་སྒང་རེ་ཟེར་རོ། མདོ་ཁམས་ལ་སྨ་ཁམས་བཏགས་པ་ཁམས་གཅིག་ མདོ་སྨད་ལ་གཡར་མོ་ཐང་དུ་བཏགས་པ་ཁམས་གཅིག་ཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་སྟེ་སྨད་མདོ་ཁམས་སྒང་གསུམ་ཟེར་རོ། །ཡང་དབུས་གཙང་རུ་བཞི་ལ་ཁྲི་སྐོར་བཅུ་གསུམ་ནི། གཙང་གི་ཕྱོགས་ ལ། ལ་སྟོད་ལྷོ་པའི་དུད་ཀྱི་གྲངས། །སྟོང་དང་དགུ་བརྒྱ་དགུ་བཅུ་ཡིན། །ལ་སྟོད་བྱང་པ་ཉིས་སྟོང་དང། །ཉིས་བརྒྱ་ལྔ་བཅུ་ཐམ་པའོ། །ཆུ་མིག་ཁྲི་སྐོར་ཧོར་དུ་གྲངས། །སུམ་སྟོང་ཉག་གསུམ་བྱེད་པ་ཡོད། ། ཞ་ལུ་ཁྲི་སྐོར་སུམ་སྟོང་དང། །བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་ཡོད། །བྱང་འབྲོག་ཁྲི་སྐོར་ཁྱད་ཆོས་དང། །ཡར་འབྲོག་ཁྲི་སྐོར་ཁྱད་ཆོས་ལ། །ལན་ནི་བཅུ་དྲུག་ཟེར་བ་ཡོད། །ཧོར་དུད་ཕྱེད་དང་བརྒྱད་བརྒྱ་འོ། ། དབུས་ཀྱི་ཕྱོགས་ལ། འབྲི་དང་བོད་འབྲོག་གཉིས་པོ་ལ། །སུམ་སྟོང་སུམ་བརྒྱ་དྲུག་བརྒྱ་ཡོད། །ཚལ་པར་སུམ་སྟོང་བདུན་བརྒྱ་ཡིན་།ཕག་མོ་གྲུ་པར་ཉིས་སྟོང་དང། །བཞི་བརྒྱ་སུམ་ཅུ་རྩ་བརྒྱད་དོ། ། [429A]༄༅། །གཡའ་བཟང་བ་ལ་སུམ་སྟོང་དང། །རྒྱ་མ་བ་དང་བྱ་ཡུལ་བ། །ལྔ་སྟོང་དགུ་བརྒྱ་ཕྱེད་ཕྱེད་ཡིན། །སྟག་ལུང་པ་ལ་ལྔ་བརྒྱ་དང། །དེ་རྟིང་ལྷ་འབྲུག་ལ་སོགས་པའི། །ཁ་ཐོར་སྟོང་དང་བཞི་བརྒྱ་ཡོད། །ཅེས་སོགས་འབྱུང། དེ་འདྲའི་ཡུལ་གྲུ་ལ་དབང་བ། བོད་ཆོས་རྒྱལ་གྱི་ཐོག་མར་རྒྱ་གར་ཤཱཀྱ་ལི་ཙ་བྱིའི་རིགས་རྒྱལ་པོ་ཤར་པའི་བུ་ནས་བཟུང། གནམ་གྱི་ཁྲི་བདུན་སྟོད་ཀྱི་སྟེང་གཉིས། བར་དུ་ལེགས་དྲུག་ ས་ལ་ལྡེ་བརྒྱད། འོག་གི་བཙན་གསུམ་སྟེ་གཉའ་ཁྲི་དང་པོར་བྱས་པའི་རྒྱལ་རབས་ཉེར་བདུན་སོང་བ་ན། སྐྱིད་ཤོད་དབུས་སྟོད་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་དུ། ཡབ་གནམ་རི་སྲོང་བཙན། ཡུམ་འབྲི་བཟའ་ཐོད་ དཀར་གྱི་སྲས་སུ་འཕགས་མཆོག་སྤྱན་རས་གཟིགས་དངོས་སུ་རྒྱལ་པོ་སྲོང་བཙན་སྒམ་པོར་མཚན་གསོལ་བ་དེ་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཁྲི་ལ་མངའ་གསོལ་ད་ ལྟའི་དགའ་ལྡན་འདི་ཡི་དབང་བསྐུར་རི་ལ་ལྷ་ཡི་ཆུས་ཆོས་རྒྱལ་ཆེན་པོར་དབང་བསྐུར་བ་ཡིན། དེ་ཡི་བཙུན་མོ་བལ་ཡུལ་ནས་བལ་བཟའ། རྒྱ་ནག་ཡུལ་ནས་རྒྱ་བཟའ་ཀོང་ཇོ། སྟོད་མངའ་རིས་སྐོར་གསུམ་ནས་ཞང་ ཞུང་བཟའ་ལི་ཐིག་སྨན། སྨད་མདོ་ཁམས་སྒང་དྲུག་ནས་མི་ཉག་རུ་ཡོང་བཟའ། བར་དབུས་གཙང་རུ་བཞི་ནས་སྟོད་ལུང་མང་བཟའ་ཁྲི་ལྕམ་སྟེ་བཙུན་མོ་ལྔ་ཁབ་ཏུ་བླངས། མང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་ གུང་བཙན་འཁྲུངས། བཙུན་མོ་གཞན་བཞི་ལ་སྲས་མེད་ཟེར། སྲས་གུང་རི་གུང་བཙན་དགུང་ལོ་བཅུ་གསུམ་དུས་སུ་ཁྲི་ལ་ཕེབས་ནས་དེ་ནས་སྲས་མང་སྲོང་མང་བཙན་འཁྲུངས་ཀྱང། སྲས་གུང་རི་གུང་བཙན་ [430B] སླར་ཡང་རྒྱལ་པོ་སྲོང་བཙན་རང་གིས་རྒྱལ་སྲིད་བཟུང་ནས་ལོ་བརྒྱད་ཅུ་བར་དུ་བཞུགས་སོ། །རྒྱལ་པོས་སྤྲུལ་པའི་བཀོད་པ་སྣ་ཚོགས་ཀྱིས་མཐའ་འདུལ་གྱི་ལྷ་ཁང་བཞི་ ཡང་འདུལ་གྱི་ལྷ་ཁང་བཞི། རུ་གནོན་གྱི་ལྷ་ཁང་བཞི་སྟེ་བཅུ་གཉིས་བཞེངས། བལ་བཟས་ལྷ་ལྡན་གྱི་ལྷ་ཁང། རྒྱ་བཟས་ར་མོ་ཆེ་ཡི་ལྷ་ཁང། ཞང་ཞུང་བཟའ་ཡིས་ཐེམ་བུ་ཀོག་པའི་ལྷ་ཁང། རུ་ཡོང་བཟའ་ ཡིས་བྲག་ལྷ་ཀླུ་སྒུག་ལྷ་ཁང། མང་བཟའ་ཁྲི་ལྕམ་གྱིས་བྲག་ཡེར་པའི་ལྷ་ཁང་བཞེངས། ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་པོ་ཡེ་རང་རྒྱལ་པོའི་སྲས་མོ་ལྕགས་སྤྲེལ་ལོ་མ་བལ་བཟས་ད་ལྟ་ར་མོ་ཆེའི་ཇོ་བོ་མི་བསྐྱོད་ རྡོ་རྗེ་བདག་ཅག་གི་སྟོན་པ་དགུང་ལོ་བརྒྱད་པའི་ཚད། རྒྱལ་བ་རང་ཉིད་ཀྱིས་རབ་གནས་མཛད་པ་དང། སངས་རྒྱས་འོད་སྲུང་གི་དུས་སུ་རྒྱལ་པོ་ཀྲི་ཀྲིའི་ཐུགས་དམ་རྟེན་རྒྱལ་བ་བྱམས་པ་ཆོས་འཁོར། སྒྲོལ་མ་ རྣམས་བལ་ཡུལ་ནས་གདན་དྲངས། དེ་བསུ་བ་ལ་འཇམ་དབྱངས་སྤྲུལ་པ་ཐོན་མི་ཕེབས་པ་ཡིན། འཕགས་པའི་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་པའི་སྦྱིན་བདག་རྒྱ་ནག་རྒྱལ་པོ་ཐལ་ཇུའི་སྲས་མོ་སྒྲོལ་ མའི་སྤྲུལ་པ་ས་ཕག་ལོ་མ་རྒྱ་ནག་གི་སྐད་དུ་ཝན་ཆིང་ཀོང་ཇོ། བོད་སྐད་དུ་བསྒྱུར་ན་ཆུ་ནང་གི་པདྨ་ཞེས་མཚན་གསོལ་བ་དེས། ད་ལྟ་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་བདག་ཅག་གི་སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ རྒྱལ་བ་རང་ཉིད་བཞུགས་པ་དང་ཁྱད་པར་མེད་པའི་ཇོ་བོ་རིན་པོ་ཆེ་གདན་དྲངས་པའོ། །དེ་བསུ་བ་ལ་བློན་པོ་མགར་མི་ཕེབས་པ་ཡིན། བལ་བཟས་ལྷ་ལྡན་དང། རྒྱ་བཟས་ར་མོ་ཆེ་བཞེངས་པ་ཡིན་ཡང་ཇོ་༄༅། །བོ་གཉིས་པོ་ཕྱིས་སུ་བཞུགས་ཡུལ་བསྒྱུར་བའོ། །ལྷ་ས་ལ་ལྷ་ལྡན་ཟེར་བ་ནི་སྐད་ཟུར་ཆག་པ་སྟེ། རང་བྱོན་ལྔ་ལྡན་གྱི་གཙུག་ལག་ཁང་དེར་ཡོད་པས་དེ་སྐད་ཟེར་རོ། །རང་བྱོན་ལྔ་ལྡན་ནི་ཇོ་བོ་བཅུ་གཅིག་ཞལ་ གྱི་སྲོག་ཤིང་ཙན་དན་སྦྲུལ་གྱི་སྙིང་པོ་ལ་རང་བྱོན་འཕགས་པའི་སྐུ་དང་པོ། སྐུ་སྟོད་བཞེངས་མ་དགོས་པར་རང་བྱོན་དུ་བྱུང་བ་གཉིས་པ། རྒྱ་བཟའ་ནུ་མ་གཡས། བལ་བཟའ་ནུ་མ་གཡོན། རྒྱལ་པོ་སྲོང་བཙན་ སྒམ་པོ་རང་ཉིད་ཐུགས་ཁར་ཐིམ་ཞིང་སྤྲུལ་པའི་སྐུ་ཡི་བཀོད་པ་སྡུད་པ་གསུམ་སྟེ་ལྔ་ལ་ཟེར་རོ། བོད་ཡུལ་འདི་སྲིན་མོ་གན་རྒྱལ་དུ་འགྱེལ་བ་འདྲ་བའི་ས་དགྲ་གནོན་ཕྱིར། རྒྱལ་པོས་བཞེངས་པའི་ལྷ་ཁང་བཅུ་ གཉིས་ནི། གྲུ་མོ་གཡས་ཀོང་པོ་བུ་ཆུ་ལྷ་ཁང། གྲུ་མོ་གཡོན་ལྷོ་བྲག་མཁོ་མཐིང་ལྷ་ཁང། པུས་མོ་གཡས་མོན་འབུམ་ཐང་ལྷ་ཁང། པུས་མོ་གཡོན་བྱང་བྲ་དུམ་ལྷ་ཁང་སྟེ་མཐའ་འདུལ་གྱི་ལྷ་ཁང་བཞིའོ། ། ལག་མཐིལ་གཡས་མདོ་ཁམས་ལྡན་ཆོས་འཁོར་གྱི་འགྲམ་གྱི་གློང་ཐང་སྒྲོལ་མ་ལྷ་ཁང། ལག་མཐིལ་གཡོན་སྙེ་ཐང་ཆོས་རྫོང་གི་འགྲམ་གྱི་ཚངས་པ་རླུང་གནོན་ལྷ་ཁང། རྐང་པ་གཡས་མང་ཡུལ་བྱམས་སྤྲིན་གྱི་ གཙུག་ལག་ཁང། རྐང་པ་གཡོན་མོན་སྤ་གྲོ་གྱེར་ཆུའི་ལྷ་ཁང་སྟེ་ཡང་འདུལ་གྱི་ལྷ་ཁང་བཞིའོ། །དཔུང་པ་གཡས་ཡར་ཀླུང་ཁྲ་འབྲུག་གི་གཙུག་ལག་ཁང། དེ་ལ་ཁྲ་འབྲུག་ཅེས་བརྗོད་པའི་རྒྱུ་མཚན་ནི། དེར་ཀླུ་ གདུག་པ་ཅན་ཞིག་གནས་པས་དེར་ལྷ་ཁང་བཞེངས་སྐབས་དེ་ཕྱོགས་ཀྱི་སྔགས་པ་ཞིག་གིས་ཁྱུང་བསྒྲུབས་ཏེ་བྱ་ཁྲ་རུ་སྤྲུལ་ནས་སྐད་འབྲུག་ལྟར་སྒྲོག་ཏེ་ཀླུ་བཏུལ་བས་དེ་སྐད་ཅེས་བརྗོད། དཔུང་པ་གཡོན་པར་དབུས་ [432B] དཔྱི་གཡས་པར་གཙང་ཐོབ་རྒྱལ་གྱི་ཐད་ཀྱི་ཕ་རི་གཙང་ཆུའི་འགྲམ་དུ་གཙང་འགྲམ་བྱེ་མའི་ལྷ་ཁང། དཔྱི་གཡོན་པར་གཙང་ལྷ་རྩེའི་ཉེ་སྐོར་གྱི་རུ་ལག་གྲོམ་པ་རྒྱང་ གི་ལྷ་ཁང་སྟེ་རུ་གནོན་གྱི་གཙུག་ལག་ཁང་བཞིའོ། །རྒྱལ་པོ་སྲོང་བཙན་གྱིས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅའ་བའི་བཅུ་དྲུག་ནི་གང་ཞེ་ན། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་ རྫུན་སྨྲ་སྟེ་རྩ་བ་བཞི་སྤང་པ་དང་པོ། མཆོག་གསུམ་ལ་དད་ཅིང་དམ་པའི་ཆོས་སྒྲུབ་པ་གཉིས་པ། ཕ་མ་ལ་དྲིན་ལན་ལོག་གཞལ་མི་བྱེད་པ་གསུམ་པ། ཡོན་ཏན་ཅན་རིགས་མཐོ་བ་རྒན་པ་རྣམས་ལ་བཀུར་སྟི་བྱེད་པ་ བཞི་པ། ཉེ་དུ་མཛའ་བཤེས་ལ་གཞུང་བཟང་བ་ལྔ་པ། ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ་དྲུག་པ། རྒྱུ་དྲང་ཞིང་སེམས་ཆུང་བ་བདུན་པ། ཡ་རབས་ཀྱི་རྗེས་སྙེགས་ཤིང་ཕྱི་ཐག་རིང་བ་བརྒྱད་པ། ཟས་ནོར་ལ་ཚོད་ ཟིན་པ་དགུ་པ། སྔར་འདྲིས་ཀྱི་མི་ཡི་ཞེ་མི་གཅོད་པ་བཅུ་པ། བུ་ལོན་དུས་སུ་འཇལ་བ་བཅུ་གཅིག་པ། བྲེ་སྲང་ལ་གཡོ་སྒྱུ་མེད་པ་བཅུ་གཉིས་པ། ཀུན་ལ་སྙོམས་ཤིང་ཕྲག་དོག་མེད་པ་བཅུ་གསུམ་པ་གྲོགས་ངན་ གྱི་ངག་ལ་མི་ཉན་ཅིང་རང་ཚུགས་ཟིན་པ་བཅུ་བཞི་པ། ངག་འཇམ་ལ་བདེན་པར་སྨྲ་བ་བཅོ་ལྔ་པ། ཁྱག་པའམ་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་དང་བཅུ་དྲུག་གོ། །དེ་ལྟར་ཁྲིམས་ཀྱི་ཟོལ་གྱིས་དམ་པའི་ཆོས་དགེ་བཅུ་ ཚང་བར་མཛད་པས་ངན་སོང་གསུམ་གྱི་སྒོ་བཅད། མཐོ་རིས་དང་ཐར་པའི་ལམ་ཡངས་པོར་བྱས་སོ། །སྨྲས་པ། སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོར་སྤྲུལ། སྒྲོལ་མ་ཁྲོ་གཉེར་ཅན་གཉིས་བཙུན་ [433A]༄༅། །མོའི་ཚུལ། །འཇམ་དཔལ་དབྱངས་དངོས་ཐོན་མི་མགར་མིར་བརྫུས། བསམ་བཞིན་གངས་ཅན་ཡུལ་གྲུའི་དཔལ་དུ་ཤར། །དེ་འདྲའི་རྒྱལ་པོ་ཡུམ་སྲས་བློན་འབངས་ལ། །སྙིང་ནས་མི་ཕྱེད་དད་པ་བརྟན་ཐོབ་སྟེ། །མི་མཉེས་ སྐད་ཅིག་ཙམ་ཡང་མི་བྱེད་ཅིང། །ཆོས་ཀྱི་དགའ་བདེས་གོ་འཕང་མཆོག་ཐོབ་ཤོག་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཡི་སྲས་གུང་རི་གུང་བཙན། མང་ སྲོང་མང་བཙན། འདུས་སྲོང་མང་རྗེ། མེས་ཨག་ཚོམ། ཁྲི་སྲོང་ལྡེ་བཙན། སད་ན་ལེགས་མཇིང་ཡོན། རྒྱལ་པོ་གླང་དར་མ། གནམ་ལྡེ་འོད་སྲུང། སྐྱིད་ལྡེ་ཉི་མ་མགོན། ལྡེ་གཙུག་མགོན། མངའ་བདག་ ཁོ་རེ། མངའ་བདག་འོད་ལྡེ། དེ་ཡི་སྲས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྤྱན་དྲངས་པ་ཡིན་ནོ་།རྐྱང་དེད་ཀྱིས་རབས་དེ་ལྟར་ཡིན་ཀྱང་རྒྱས་པར་བཤད་ན་རྒྱལ་པོ་སྲོང་བཙན་ནས་ རྒྱལ་རབས་གསུམ་པ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྲས་འཇང་ཚ་ལྷ་དབོན་ལ། རྒྱ་ནག་ནས་རྒྱ་བཟའ་ཀྱིམ་ཤིང་ཀོང་ཇོ་བཙུན་མོར་བླངས་ཀྱང། རྒྱ་ནས་བོད་དུ་མི་མ་སླེབས་བར་དུ་སྲས་འཇང་ཚ་ལྷ་དབོན་སྐུ་ གཤེགས་པས། མེས་ཨག་ཚོམ་གྱིས་རྒྱ་བཟའ་ཀྱིམ་ཤིང་ཀོང་ཇོ་མར་ལོག་ཤིག་པའི་བཀའ་གནང་ཡང། མ་ལོག་པར་བོད་ལ་ཕེབས་ནས་ཇོ་བོ་ཤཱཀྱ་མུ་ནེ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་པ་བོད་ཀྱིས་མ་ཤེས་པ། ང་ཡི་ཨ་ ཎིའི་ཐུགས་དམ་རྟེན་འདི་རུ་བཞུགས་སོ་ཟེར་ནས་སྔར་གྱི་ཁྲི་ལ་བཞུགས་སུ་གསོལ། བོད་དུ་ལོ་སུམ་ཅུ་བཞུགས་པས། ཕྱིས་སུ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བཙུན་མོར་བཞེས་པ་ལ་ཆོས་རྒྱལ་ཁྲི་ [434B] རྒྱལ་པོ་འདི་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས་ཤིང། དགུང་ལོ་དྲུག་ཅུ་རེ་དགུ་བཞུགས། གངས་ཅན་ཡུལ་གྲུའི་རྒྱན་གཅིག་བསམ་ཡས་ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ ཁང་བཞེངས། ས་སྟེང་ན་འགྲན་ཟླ་བྲལ་བའི་མཁས་མཆོག་ཞི་བ་འཚོ་ཡབ་སྲས་གཉིས་ཏེ་མཁན་པོ་བོ་དཧི་སཏ། ཀ་མ་ལ་ཤཱི་ལ་གཉིས་རིམ་བཞིན་གདན་དྲངས། གྲུབ་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་པདྨ་སམྦྷ་ཝས་ ས་འདུལ་མཛད། རྒྱལ་པོར་ཀུན་རིག་ངང་བླ་མེད་ཀྱི་དབང་ཆེན་བསྐུར་བར་མཛད་ཅིང། ཕྱིས་རྔ་ཡབ་གླིང་དུ་གཤེགས། དགེ་འདུན་གྱི་སྡེ་སད་མི་མི་བདུན་སོགས་ཐོག་མར་ཆོས་རྒྱལ་འདི་ཡི་དུས་སུ་ཚུགས་པ་ཡིན་ རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་དང། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་གཉིས་ཡོད་པས་ཕྱི་མ་འབུམ་གྱི་འགྲེལ་པ་ཁྱད་དུ་འཕགས་པ་འགྱུར་བྱང་མེད་པ་འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་ བཙན་འདི་ཡིས་མཛད། ཅེས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་བཞེད་དོ། །འབུམ་གྱི་འགྲེལ་པ་མཛད་མཁན་གྱི་རྒྱལ་པོ་ནི་འདི་མ་གཏོགས་རྒྱ་བོད་གཉིས་ཀ་ལ་མེད་དོ། །རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་འདི་ལ། བཙུན་མོ་ལྔ་ཡོད་དེ། འབྲོམ་བཟས་དགེ་རྒྱས་བྱེ་མ་གླིང། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་གླིང། ཚེ་སྤོང་བཟས་ཁམས་གསུམ་ཟངས་ཁང་གླིང་བཞེངས་ མཆིམས་བཟས་ཆོས་ལ་དད་པས་ཕྱིས་སྒྲུབ་པ་མཛད། མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་སློབ་དཔོན་པ་པདྨ་འབྱུང་གནས་ལ་དབང་ཞུས་པའི་ཡོན་དུ་ཕུལ། ཁ་ཅིག་མཁར་ཆེན་བཟའ་སློབ་དཔོན་གྱིས་སྤྲུལ་པའི་སྤྲུལ་པ་ཞིག་ [435A]༄༅། །ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོར་ཡོད་པ་ཕུལ་བའི་ཚུལ་སྟོན་པ་ཡིན་ཡང་ཟེར། བཙུན་མོ་གཞན་བཞི་ལ་སྲས་མེད་ཅིང་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ། མུ་ཁྲི་བཙན་པོ། མུ་རུག་བཙན་པོ། མུ་ཏིག་བཙན་པོའམ་ སད་ན་ལེགས་མཇིང་ཡོན་དང་གསུམ་འཁྲུངས་པའོ། །སྲས་འདི་གསུམ་ཕྱིས་སུ་འགའ་ཞིག་གིས་མང་ཉུང་སྣ་ཚོགས་སུ་སྨྲ་ཡང་བདེན་པར་མ་མཐོང་ངོ། །ཀུན་བཟང་རྣམ་འཕྲུལ་ཐོ་རི་སྙན་ཤལ་གྱི་དུས་དམ་པའི་ཆོས་ཀྱི་ དབུ་བརྙེས། སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོའི་དུས་སུ་དམ་པའི་ཆོས་ཀྱི་སྲོལ་གཏོད། འཇམ་དབྱངས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དམ་ཆོས་རྒྱས་ཤིང་དར་བར་གྱུར་པ་ཡིན་ནོ། །སད་ན་ལེགས་མཇིང་ཡོན་ གྱི་སྲས་ལ་མངའ་བདག་ཁྲི་རལ་པ་ཅན་དང། གླང་དར་མ་འུ་དུམ་བཙན་གཉིས་བྱུང། མངའ་བདག་ཁྲི་རལ་གྱིས་སྐྱིད་ཤོད་སྨད་དུ་འུ་ཤང་རྡོ་ཡི་ལྷ་ཁང་བཀྲ་ཤིས་དཔེ་མེད་དགེ་མཚན་གྱི་གཙུག་ལག་ཁང་བཞེངས། བཀའ་ ཐམས་ཅད་ལ་སྐད་གསར་བཅད་ཀྱིས་འགྱུར་བཅོས་མཛད། དགེ་འདུན་རེ་ལ་མི་ཁྱིམ་བདུན་རེ་བསྙེན་བཀུར་བྱ་ཕྱིར་ཕུལ། དེ་ཡི་སྐུ་མཆེད་རྒྱལ་པོ་གླང་དར་མའི་སྲས་གནམ་ལྡེ་འོད་སྲུང། དེ་ཡི་སྲས་དཔལ་འཁོར་ བཙན། དེ་ཡི་སྲས་བཀྲ་ཤིས་བརྩེགས་དང། སྐྱིད་བདེ་ཉི་མ་མགོན་གཉིས། སྐྱིད་བདེ་ཉི་མ་མགོན་འདི་མངའ་རིས་སུ་ཕེབས་རྒྱལ་སྲིད་བཟུང་བས་སྲས་གསུམ་བྱུང། སྲས་གསུམ་གྱི་ཆུང་བ་ལྡེ་ཙུག་མགོན་གྱི་སྲས་ སྲོང་ངེ་དང། ཁོ་རེ་གཉིས་འཁྲུངས། དང་པོར་སྲོང་ངེས་རྒྱལ་སྲིད་བཟུང་བས། དེ་ཡི་སྲས་ལྷ་བཙུན་ནཱ་ག་རཱ་ཛ་དང། ལྷ་བཙུན་དེ་ཝ་རཱ་ཛ་གཉིས་བྱུང། སྐུ་ཚེའི་སྨད་དུ་ཡབ་སྲས་གསུམ་ཀ་རབ་བྱུང་མཛད་པས་ [436B]དེ་བྱུང། དེ་ནི་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པའི་རྒྱལ་པོ་ཡིན་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །རྒྱལ་པོ་ལྷ་ཞེས་བྱ་བ་འབྱུང། །བློན་པོ་ ནོར་གྱི་མཐའ་ཅན་འབྱུང། །ཞེས་གསུངས་པ་དེ་ཡིན། དེ་ཡི་བློན་པོ་མིག་གི་མངོན་ཤེས་ཀྱིས་ས་འོག་གི་གཏེར་མཐོང་བས་གསེར་ལིང་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པས་ཇོ་བོ་བོད་དུ་གདན་དྲང་ཕྱིར་བསྐུར་བ་ སོགས་ནོར་ཟད་མི་ཤེས་པ་བྱུང། ཇོ་བོ་བོད་དུ་སྤྱན་འདྲེན་པའི་སླད་དུ། གར་ལོག་གི་རྒྱལ་པོ་ལ་སྐུ་ལུས་བཏང་བས་ཆོས་ཕྱིར་སྲོག་ཀྱང་བཏང་བའི་རྒྱལ་པོ་ཡིན། ཁྱེའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་བརྫངས་པས་ དེ་ཡི་ནང་ནས་ཁྱད་དུ་འཕགས་པ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ཤེས་རབ་གྲགས་འབྱོར་སོགས་བྱུང། མངའ་རིས་ཐོ་ལྡིང་དཔལ་གྱི་ལྷ་ཁང་བཞེངས། དེར་ལོ་ཆེན་རིན་ཆེན་བཟང་པོ་བཞུགས་སོ་།སྲོང་ ངེ་འམ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་མཆེད་ཁོ་རེའི་སྲས་མངའ་བདག་ལྷ་སྡེ་ཞེས་བྱ་བ་བྱུང། དེ་ཡི་སྲས་འོད་སྡེ་དང། ཕོ་བྲང་ཞི་བ་འོད། ལྷ་བཙུན་པ་བྱང་ཆུབ་འོད་དང་གསུམ་བྱུང་སྲས་འོད་ལྡེས་རྒྱལ་སྲིད་ བཟུང། ཕྱི་མ་གཉིས་ཀ་རབ་ཏུ་བྱུང། ལྷ་བཙུན་བྱང་ཆུབ་འོད་འདིས་དཀའ་ཚེགས་ཆེན་པོའི་སྒོ་ནས། ལོ་ཙཱ་བ་རྒྱ་བརྩོན་སེང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་རིམ་བཞིན་རྒྱ་གར་དུ་བརྫངས་ཏེ་ མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྤྱན་དྲངས་ནས་བྱང་ཆུབ་ལམ་སྒྲོན་ཞུས། མངའ་རིས་སུ་ལོ་གསུམ། དབུས་གཙང་གཞན་དུ་ལོ་ལྔ། སྐྱིད་ཤོད་སྙེ་ཐང་དུ་ལོ་དགུ་སྟེ། བསྡོམས་པས་བོད་དུ་ལོ་བཅུ་ [437A]༄༅། །བདུན་བཞུགས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་ལ་བརྟེན་ནས་བཀའ་གདམས་ཀྱི་བསྟན་པའི་སྙིང་པོ། བྱང་ཆུབ་ལམ་གྱི་སྒྲོན་མེ་སོགས་ཀྱི་མན་ངག་ལ་བརྟེན་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་ཉམས་ སུ་ལེན་པའི་བྱང་ཆུབ་སེམས་དཔའ་གངས་ཅན་གྱི་ཡུལ་འདི་ཉིད་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་འགེངས་པར་བྱས་སོ། །གོང་གི་ཆོས་རྒྱལ་གདུང་རྒྱུད་ཁོ་རེའི་སྲས་ལྷ་ལྡེ། དེ་ཡི་སྲས་འོད་ལྡེ། དེ་ཡི་སྲས་ཆོས་ རྒྱལ་བརྩེ་ལྡེའི་དུས་སུ། རྔོག་ལོ་བློ་ལྡན་ཤེས་རབ། དཔྱལ་ལོ་འབྲོ་ལོ་ཙཱ་བ། རོང་པ་རྒ་ལོ། མཁས་གྲུབ་ཁྱུང་པོ། མར་པ་ཆོས་ཀྱི་བློ་གྲོས། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེ་ དྭགས་པོ་ཟླ་འོད་གཞོན་ནུ། གསང་བདག་སྒྲོ་ཕུག་པ། གླང་ཤར་གཉིས། རྒྱ་མ་བ། འདུལ་འཛིན་མཚོ་སྣ་བ་སོགས་སྐྱེས་བུ་དམ་པས་ས་སྟེང་ཡོངས་སུ་ཁྱབ་པ་བྱུང། ཆོས་རྒྱལ་གདུང་རྒྱུད་མངའ་ཐང་ཆེ་བ་ནི། པཎ་ཆེན་ བློ་བཟང་ཡེ་ཤེས་བར་དུ་བཞུགས། མངའ་ཐང་ཆུང་བ་ནི་ད་ལྟ་དཔལ་ལྡན་ཡེ་ཤེས་སྐབས་སུ་མངའ་རིས་སུ་བཞུགས། ཆོས་རྒྱལ་གདུང་རྒྱུད་ཨེ་ལྷ་རྒྱ་རི་བ་ཡང་རྒྱལ་བ་ལྔ་པའི་དེབ་ཐེར་ལས་ཡིན་གསུངས། བཀའ་ བློན་ཐོན་པ་རྒྱལ་པོ་སྲོང་བཙན་གྱི་བློན་པོ་བོད་ཀྱི་ཡིག་མཁན་ཐོན་མི་སམ་བཧོ་ཊའི་རིགས་རྒྱུད་ཡིན་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས། རྒྱལ་བ་ལྔ་པས་དཔྱད་གཞི་མཛད་ཀྱང་སྔར་གྱི་ལོ་ རྒྱུས་ལ་གསལ་བར་བཞུགས། ཤར་ཕྱོགས་རྒྱ་ནག་རྒྱལ་པོ་དང་བོད་གཉིས་འབྲེལ་ཡོད་ཚུལ་ནི། འཛམ་བུ་གླིང་གི་ཤར་ཕྱོགས་རྒྱ་ནག་མ་ཧ་ཙི་ཎའི་ཡུལ་འཕགས་པ་འཇམ་དཔལ་དབྱངས་ཀྱི་འདུལ་ཞིང་རི་བོ་རྩེ་ [438B]ཚུལ། རྒྱ་ནག་རྒྱལ་པོ་ཅིའུ་དབང་གི་དུས་སུ་ནུབ་ཕྱོགས་འོད་ཀྱི་ཕུང་པོའི་མཚན་མ་སོགས་ལ་བརྟེན་རྒྱ་གར་ན་སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས། དེ་ཡི་སྲས་ལྟ་བུ་ དབང་རྟ་བརྒྱད་ཀྱིས་བཏེགས་པའི་ཤིང་རྟའི་རྫུ་འཕྲུལ་ལ་བརྟེན་བོད་ཀྱི་མཚོ་མ་ཕམ་གྱི་མདུན་དུ་མཁའ་འགྲོ་མ་ཉི་ཟླ་དབང་མོ་ཆེན་ལ་ཟླ་བ་སྒྲོན་མའི་མདོ་ཞུས། གཞན་ཡང་གསང་སྔགས་ཀྱི་ཆོས་མང་དུ་གསན་ཏེ་ ལོ་གཅིག་བཞུགས་ནས་སླར་རྒྱ་ནག་ཏུ་ཕེབས། སངས་རྒྱས་འཁྲུངས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཉི་ཤུ་རྩ་བརྒྱད་སོང་བ་ན་རྒྱ་ནག་རི་བོ་རྩེ་ལྔ་ཨཥྚི་ཤིང་གི་སྦ་བ་ལས་འཇམ་དཔལ་དབྱངས་དངོས་སུ་བྱོན་ཏེ་རྩིས་ལ་ སོགས་པའི་རིག་གནས་གསུངས། དེ་ནས་ཡུན་རིང་པོ་སོང་ཚེ་རྒྱ་བོད་གཉིས་འཁྲུགས་པ་བྱུང་བ་ཕྱིས་འདུམ་དུས་སུ་གཉེན་སྦྲེལ་ནས་རྒྱ་ནག་ཐང་གི་རྒྱལ་རབས་ཉི་ཤུ་པ་རྒྱལ་ས་ལོ་ཉིས་བརྒྱ་གྱ་དགུ་བཟུང་བ་ རྒྱལ་རབས་གཉིས་པར་ཧྭ་ཤང་བཏང་ནས་འཕགས་པའི་གནས་བརྟན་བཅུ་དྲུག་དངོས་སུ་གདན་འདྲེན་ནུས་པ་ཐང་ཐི་ཙུང་རྒྱལ་པོའི་བུ་མོ་ཟྭན་ཆིང་ཞེས་པ་རྒྱ་བཟའ་ཀུན་ཅུ་སྤྱན་རས་གཟིགས་དབང་སྲོང་བཙན་ སྒམ་པོའི་བཙུན་མོར་བོད་དུ་བྱོན། ཐང་གི་རྒྱལ་རབས་གསུམ་པ་རྒྱལ་པོའི་བུ་མོ་ཀྱིམ་ཤིང་ཀུང་ཅུ་འཇང་ཚ་ལྷ་དབོན་གྱི་བཙུན་མོར་བླངས་ཀྱང་རྒྱལ་པོའི་སྲས་གཤེགས་པས་ཡབ་མེས་ཨག་ཚོམ་གྱི་རྗེ་མོར་གྱུར་ནས་ དེ་ལ་བསམ་ཡས་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འཁྲུངས་ཏེ་དེ་ཉིད་རྒྱལ་པོར་གྱུར་ནས། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་མཁན་པོ་ཞི་བ་འཚོ་ཡབ་སྲས། པདྨ་སམྦྷ་ཝ་སོགས་རྒྱ་ [439A]༄༅། །གར་ནས་སྤྱན་དྲངས་བོད་དུ་རབ་བྱུང་གི་སྡེ་འཛུགས་པ་སོགས་མཛད། དེ་གསུམ་ལ་མཁན་སློབ་ཆོས་གསུམ་དུ་གྲགས། ཁྲི་སྲོང་ལྡེ་བཙན་གྱི་རྒྱལ་རྒྱུད་མངའ་རིས་སུ་བྱུང་པ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ སོགས་ཀྱིས་ཇོ་བོ་རྗེ་དཔལ་ལྷ་གཅིག་དའི་པཾ་ཀ་ར་བོད་དུ་སྤྱན་དྲངས། ཤེར་ཕྱོགས་མདོ་སྡེའི་ཉམས་ལེན་དེ་ཡི་སློབ་མ་འབྲོམ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་རྒྱས་པར་མཛད། ཤཱཀྱ་ཐུབ་པའི་བསྟན་པ་བརྒྱ་ ཕྲག་ལྔ་བཅུའི་སྐར་རྩིས་པ་ལྟར་བརྒྱ་ཕྲག་ཉེར་དྲུག་པ་རྫོགས་ནས་ཉེར་བདུན་ནང་གི་འཛམ་གླིང་ཤར་ཕྱོགས་རྒྱ་ནག་རྒྱལ་པོ་འདི་ནི་ཆེན་པོ་ཧོར་རྒྱལ་རབས་ཡིན་ལ་དེ་བྱུང་ཚུལ་ཧོར་རྒྱལ་རབས་དགུ་པ་འདས་ནས་ བཙུན་མོ་ཨེ་ལན་ལ་ནམ་མཁའ་ནས་འོད་ཟེར་ཞིག་ལུས་ལ་ཞུགས་པས་སྲས་ཧོར་རྒྱལ་པོ་པོ་ཏོན་འཁྲུངས། དེ་ནས་རྒྱལ་རབས་དགུ་པ་ལ་ཧོར་རྒྱལ་པོ་ཆིང་གི་སི་འཁྲུངས། འདི་ལ་བོད་ཀྱིས་འཇིང་འདི་རྒྱལ་པོ་ ཡང་ཟེར། དེ་ཡི་སྲས་གོ་དན་རྒྱལ་པོས་གནས་ལྔ་མཁྱེན་པའི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གདན་དྲངས། ཧོར་རྒྱལ་པོ་ཧོ་པི་ལི་སི་ཆེན་གྱིས་སྲིད་ཞིའི་མཛེས་རྒྱན་ས་པཎ་གྱི་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་ འཕགས་པ་གདན་དྲངས། ཧོར་ཆིང་གི་རྒྱལ་པོ་ཁུ་ལུགས་ཀྱིས་སོག་ཡིག་ཐོག་མར་བཅོས་མཁན་ཚས་སྤྱོད་དགེ་བསྙེན་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གདན་དྲངས། ཧོར་ཆིང་གི་རྒྱལ་པོ་བུ་ཡན་ཐུས་མཆིམས་མཛོད་མཛད་ མཁན་ཆོས་རྗེ་སྣར་ཐང་མཆིམས་འཇམ་དབྱངས་གདན་དྲངས། འདིས་མཐུན་རྐྱེན་སྦྱར་ཏེ་བོད་ཀྱི་བསྟན་འགྱུར་ཕྱོགས་གཅིག་ཏུ་སྣར་ཐང་དུ་བཅོམ་ལྡན་རིག་པའི་རལ་གྲིས་བསྒྲིགས་པར་མཛད། ཀརྨ་པ་གཉིས་པ་ [440B] ཀརྨ་རང་བྱུང་རྡོ་རྗེ་རྒྱ་ནག་ཐོའུ་ཀན་གྱིས་གདན་དྲངས། ཀརྨ་པ་རོལ་པའི་རྡོ་རྗེ་ཐོའུ་ཀན་ཐི་མུར་གྱིས་གདན་དྲངས། ཀརྨ་པ་དེ་བཞིན་གཤེགས་པ་རྒྱ་ནག་ཏཱ་མིང་ཁང་ གཉེར་གྱིས་གདན་དྲངས། ཀརྨ་པ་ཕྱི་མ་འདི་གསུམ་གདན་འདྲེན་མཁན་ཧོར་ཆིང་གི་རྒྱལ་པོ་མིན་ཏེ། ཞ་ལུ་བུ་སྟོན་དགུང་ལོ་བཅུ་སྐོར་བཞེས་པའི་དུས་ཀྱི་ཚེ་རྒྱ་ནག་རྒྱལ་པོ་ཏཱ་མིང་གི་རྒྱལ་ས་འཛིན་ནས། ཀརྨ་པ་ རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། ཀརྨ་པ་དེ་བཞིན་གཤེགས་པ་རྣམས་གདན་དྲངས་པ་ཡིན། དེའི་རྗེས་སུ་རྒྱལ་བ་ཙོང་ཁ་པ་ཆེན་པོར་ཆབ་ཤོག་ཕུལ་ནས་གདན་འདྲེན་ཞུས་པས་སྐུ་ཚབ་ཏུ་ལྷ་ས་ཚལ་གུང་ཐང་རྗེ་ཡི་ གསོལ་དཔོན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཏཱ་མིང་གཡུང་ལོ་རྒྱལ་པོས་གདན་དྲངས། ཡང་ལན་གཅིག་བྱམས་ཆེན་ཤཱཀྱ་ཡེ་ཤེས་བོད་དུ་ཕེབས་ཀྱང་ཡང་དེ་ཡི་སྲས་ཟོན་ཏེ་རྒྱལ་པོས་གདན་དྲངས། དེ་ཡི་རྒྱུན་བྱས་ནས་ རིམ་བཞིན་ཙོང་ཁ་པ་ཆེན་པོའི་སློབ་རྒྱུད་བྱང་དར་མ་བསོད་ནམས། སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་གྲུབ་སོགས་གདན་དྲངས་ཡང་ཕྱིས་སུ་ཧོར་རྒྱལ་པོ་དང་རི་བོ་དགེ་ལུགས་མཆོད་ཡོན་བྱུང་ ཚུལ་ཧོར་རྒྱལ་པོ་ཐུ་མེད་ཨམ་ཐན་རྒྱལ་པོས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་གདན་དྲངས། ཧོར་རྒྱལ་པོ་པོག་ཏོ་མུག་ཏན་གྱི་སར་བཞུགས། མཐའ་འཁོབ་མུན་གླིང་དམ་པའི་ཆོས་ཀྱིས་དཀར་འཇམ་དུ་ མཛད། དེ་རྗེས་ཙམ་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་རྒྱལ་བ་ལྔ་པ་རྣམ་གཉིས་གྲོས་མཐུན་ནས་སེ་ཆེན་ཆོས་རྗེ་ཞུ་ཡིག་འབུལ་བར་མངགས་པས་རྒྱལ་པོ་ཤིན་ཏུ་དགྱེས་སོ། །དེ་ཡི་སྲས་རྒྱ་ནག་རྒྱལ་པོ་ཤི་ཙུ་༄༅། །ཤུན་ཊི་ཧང་ཐས་རྒྱ་ནག་ཧོར་སོག་པོ་བོད་གངས་ཅན་གྱི་ལྗོངས་ཐམས་ཅད་དབང་དུ་བསྡུས། རྒྱལ་བ་ལྔ་པ་ཆེན་པོ་ཕོ་བྲང་དུ་སྤྱན་དྲངས། ནུབ་ཕྱོགས་ཀྱི་སངས་རྒྱས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་གསེར་ཐམ་ སོགས་འགྲོ་མགོན་ཆོས་རྒྱལ་གྱི་དུས་བཞིན་འཕུལ། དེ་ཡི་སྲས་རྒྱ་ནག་ཤིང་ཙུ་ཁང་ཞི་རྒྱལ་པོ་འམ་བདེ་སྐྱིད་རྒྱལ་པོས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་བོད་ཡུལ་པོ་ཏ་ལར་ཁྲི་ལ་མངའ་གསོལ་རྒྱལ་པོ་དགུང་ལོ་དྲུག་ཅུ་ རེ་གཉིས་བཞུགས། དེ་ཡི་སྲས་རྒྱ་ནག་རྒྱལ་པོ་ཡོང་ཧྲིང་ངམ་ཆན་ལུང་རྒྱལ་པོས་དངུལ་སྲང་ཁྲི་ཕྲག་བཅུ་དྲུག་གིས་མདོ་ཁམས་མེ་ཉག་སྒང་འགའ་ཐང་དུ་དགོན་པ་བརྒྱབ་ནས་དེར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ གདན་འདྲེན་ཞུས། དེར་ལོ་བདུན་བར་དུ་རྒྱལ་བ་བཞུགས། རྒྱལ་པོ་དགུང་ལོ་མཐར་སོན་བཞུགས། དེ་ཡི་སྲས་རྒྱ་ནག་རྒྱལ་པོ་ལྷ་སྐྱོང་ངམ་གནམ་སྐྱོང་གིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལ་ལོ་རེ་བཞིན་དངུལ་སྟོང་ ཕྲག་ལྔ་རེ་ཕུལ། རྒྱལ་བ་ཕྱག་ན་པདྨོ་འཇམ་དཔལ་རྒྱ་མཚོ་བོད་ཡུལ་དབུས་ཀྱི་པོ་ཏ་ལའི་ཕོ་བྲང་ཆེན་པོའི་གསེར་ཁྲིར་མངའ་གསོལ། གསེར་ཡིག་གསེར་ཐམ་རྣམས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་གོང་མའི་དུས་ བཞིན་དུ་རྒྱ་ནག་ལྷ་སྐྱོང་རྒྱལ་པོས་ཕུལ། ལྕགས་བྱི་ལོ་རྒྱལ་པོ་དགུང་ལོ་བདུན་ཅུ་ཐམ་པའོ། །ཁྲིར་ཕེབས་ནས་ལྕགས་བྱི་ལ་ལོ་ཞེ་ལྔ་སོང། པཎ་ཆེན་སྐུ་འཕྲེང་བཞི་པ་དཔལ་ལྡན་ཡེ་ཤེས་གདན་དྲངས། ལྕགས་ བྱི་ལོར་རྒྱ་ནག་ཡེ་ཧོར་གྱི་པོ་ཏ་ལར་ཞལ་འཛོམས། པཎ་ཆེན་དཔལ་ལྡན་ཡེ་ཤེས་དགུང་ལོ་ཞེ་གསུམ་ལོན་པ་ཕོ་བྲང་པེ་ཅིང་དུ་གདན་དྲངས། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཟླ་བ་བཅུ་པའི་ཚེས་གཅིག་ལ་རྡོ་རྗེ་ [442B] དེ་དང་མཐུན་པ་འདུས་བྱས་མི་རྟག་པའི་ངང་ཚུལ་དཀྱུས་གཅིག་ཏུ་བརྗོད་ན། པཎ་ཆེན་དཔལ་ལྡན་ཡེ་ཤེས་སྐུ་གོང་མ་པཎ་ཆེན་བློ་བཟང་ཡེ་ཤེས་ནི་དགུང་ ལོ་དོན་ལྔ་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་ལོ་ཧོར་ཟླ་བདུན་པའི་ཚེས་ལྔ་ཡི་ཉིན་མོ་ཉི་དྲོས་ལ་སྐུའི་མེ་ཏོག་འཐོར། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བླ་མ་རྗེ་བཙུན་ཕྱག་ན་པདྨོ་རྒྱལ་བ་བསྐལ་བཟང་ རྒྱ་མཚོ་ནི་རབ་བྱུང་བཅུ་གཉིས་པ་མེ་བྱི་ཧོར་ཟླ་བདུན་པའི་ཚེས་བཅུ་དགུ་ལ་མདོ་ཁམས་ལི་ཐང་དུ་སྐུ་འཁྲུངས་དགུང་ལོ་བཅུ་དྲུག་བཞེས་པ་ན་ཨ་མ་བློ་བཟང་ཆོས་མཚོ་སྐུ་གཤེགས། རྒྱལ་བ་ཉེར་དྲུག་བཞེས་པ་ དང་ལྕམ་སྲིང་བསྐལ་བཟང་སྒྲོལ་མ་གཤེགས། དགུང་ལོ་སོ་གསུམ་བཞེས་པ་ན་ཆུང་ངུའི་དུས་ཀྱི་མ་མ་ལྟ་བུ་བསམ་གཏན་རྒྱལ་མཚན་དང། མ་ཡི་སྤུན་ཟླ་སྲུ་བསྐལ་བཟང་གཤེགས། རྒྱལ་བ་སོ་བདུན་བཞེས་པ་ཤིང་བྱི་ ལོར་རྒྱལ་བའི་ཡབ་བསོད་ནམས་དར་རྒྱས་གཤེགས། དགུང་ལོ་བཞི་བཅུ་བཞེས་པ་ལྕགས་ལུག་ལོར་རྒྱལ་བ་རང་ཉིད་ཀྱི་བླ་མ་དགུང་ལོ་བདུན་ཅུ་དོན་ལྔ་བཞེས་པ་ཁྲི་ཆེན་ངག་དབང་མཆོག་ལྡན་བྱང་རྭ་སྒྲེང་དུ་སྐུ་ གཤེགས། རྒྱལ་བ་རང་ཉིད་དགུང་ལོ་ལྔ་བཅུ་བཞེས་པ་མེ་གླང་ལོ་ཧོར་ཟླ་གཉིས་པའི་ཚེས་གཉིས་ལ་སྐུའི་མེ་ཏོག་འཐོར། བོད་ཀྱི་བླ་ཆེན་གོང་མ་དག་ལ་གུས་འདུད་ལྷུར་བྱེད་པའི་ས་སྐྱོང་དེ་ དག་གིས་ལེགས་སྤྱོད་རྣམ་དཀར་མཛད་པའི་ཚུལ་རྣམས་འོག་ཏུ་གསལ་ཞིང་ཉེས་སྤྱོད་མི་རྟག་པའི་ངང་ཚུལ་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྷ་བཟང་གིས། ལྷ་བཟང་ཇུན་གར་གྱིས། སྡེ་སྲིད་སྟག་རྩེ་བ་ལྷ་རྒྱལ་ [443A]༄༅། །རབ་བརྟན་རྒྱ་ནག་གི་ཁྲིམས་ཀྱིས། དཱ་ཆིང་པཱ་དུར་བཀའ་བློན་གསུམ་གྱིས། བཀའ་བློན་གསུམ་ཕོ་ལྷ་བས། ད་ལས་པཱ་དུར་རྒྱ་ནག་གི་ཁྲིམས་ཀྱིས་རིམ་བཞིན་ཡ་ང་བ་མ་སྤངས་པར་མཚོན་གྱིས་བཀུམ་པ་ནི་ གླིང་གཞན་གསུམ་ལ་མེད་པའི་འཛམ་བུ་གླིང་པའི་ཁྱད་ཆོས་ལས་ཀྱིས་པ་ཚེ་སྟོད་ལ་བྱས་པའི་སྲོག་གཅོད་ཀྱི་ལས་རྣམས་ཚེ་སྨད་ལ་སྨིན་པ་མཐོང་ཆོས་མྱོང་འགྱུར་གྱི་ལས་སྨིན་པ་མངོན་སུམ་དུ་གྲུབ། བོད་ལ་དབང་བསྒྱུར་ བའི་དགའ་ལྡན་ཕོ་བྲང་བ་ཡང་སྙིགས་དུས་ལ་སོང་གཤིས་སོས་བདེ་རང་དབང་འདུས་པ་ཞིག་མ་བྱུང་ཞིང། མཐའ་དབུས་ཀྱི་རྒྱལ་པོ་དང་དྲག་བཙན་གྱི་ངོ་འཛིན་འབུལ་སྒྲུབ་ཆས་སྤྲོད་དགོས་པ་ཁུར་ལྕི་བའི་རི་བོས་ རྒྱུན་དུ་ནོན་པ་ཞིག་ཏུ་གྱུར། བཀའ་གདམས་པའི་སྤྱན་ལྟོས་ཀྱིས་དགེ་ལུགས་ཕྱོགས་ལ་ཚུར་རྒོལ་བ་མ་བྱུང་ཕྱིན་གྲུབ་མཐའ་གཞན་ལ་སྡང་ཤུགས་ཆུང། ཁྱད་པར་དུ་ས་སྐྱ་དང་དགེ་ལུགས་གཉིས་མཁས་པའི་བྱ་བ་ཆོས་ གྲུབ་མཐའི་དགག་སྒྲུབ་སྔ་ཕྱི་མང་དུ་བྱེད་ཀྱང་ཕན་ཚུན་གཡུལ་འཁྲུགས་ཆེ་བ་ཆོས་འབྱུང་དེབ་ཐེར་ཀུན་ལ་གཟིགས་ཀྱང་བྱས་སྐད་མི་འདུག་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་བསྒྱུར་ཚུལ་ནི་འཇམ་དབྱངས་ འཁོན་གྱི་གདུང་འཁོན་དཀོན་མཆོག་རྒྱལ་པོའི་སྲས། བོད་ཀྱི་གྲུབ་ཐོབ་བླ་ན་མེད་པ་ས་ཆེན་ཀུན་དགའ་སྙིང་པོ་ལ་སྲས་བཞི་ཡོད་པའི་སྲས་ཆེ་བ་ཀུན་དགའ་འབར་རྒྱ་གར་ལ་སོང། གཉིས་པ་སློབ་དཔོན་བསོད་ནམས་ རྩེ་མོ་འདི་ལོ་ཞེ་གཅིག་བཞུགས། གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་འདི་ལོ་བདུན་ཅུ་བཞུགས། བཞི་པ་དཔལ་ཆེན་འོད་པོ་ཆེ་འདི་ཡི་སྲས་སུ་ཆོས་རྗེ་ས་སྐྱ་པཎ་ཆེན་དང་ཟངས་ཚ་གཉིས་འཁྲུངས་རྗེ་ [444B]རྒྱལ་པོའམ་འཇིང་གིར་རྒྱལ་པོའི་བླ་མར་གདན་དྲངས། རྒྱ་ནག་ཏུ་ཡུན་རིང་པོར་མ་བཞུགས་དགུང་ལོ་རེ་གསུམ་ལ་གཤེགས། སྐུ་མཆེད་ཟངས་ ཚའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས། ཟངས་ཚའི་སྲས་ཡེ་ཤེས་འབྱུང་གནས། དེ་ཡི་སྲས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན། དེ་ནས་ས་འབྲི་གཉིས་སྟོབས་ཇེ་རྒྱས་སུ་སོང་ནས། ས་ སྐྱ་བ་དང་ཐུགས་མ་མཐུན་ཏེ། འབྲི་གུང་པས་སྟོད་ཧོར་གྱི་དམག་བོད་དུ་བོས་ནས་ས་སྐྱ་བཅོམ། ས་ཡི་སྣ་ཐག་རྒྱ་དམག་བོད་དུ་ཡོང། ཞེས་གསུངས་པ་ལྟར། ས་སྐྱས་དེ་ཡི་ལན་དུ་དུ་རུ་ཀའི་དམག་བོད་དུ་བོས་ ནས། བུ་སྟོན་འཁྲུངས་ལོ་དེར་འབྲི་གུང་པ་ལ་གླིང་ལོག་ཆེན་པོ་བྱུང། ཕྱིས་སུ་དགའ་ལྡན་ཕོ་བྲང་པས་གུ་ཤྲི་སོག་པོའི་དམག་བོད་དུ་བོས་ནས་སྡེ་པ་གཙང་པ་དང་དཀར་བརྒྱུད་རྣམ་རྒྱལ་བཅོམ་པ་འདི་རྣམས་དབྱིབས་ མཚུངས། ཞར་ལ་སྔར་འབྲི་གུང་གླིང་ལོག་ཆེན་པོ་བྱུང་སྐབས་བཀའ་གདམས་པའི་གདན་ས་རྭ་སྒྲེང་དང། འཕན་ཡུལ་རྒྱལ་ལྷ་ཁང། བྲག་རྒྱབ་སོགས་ལ་གནོད་པ་ཆེ་བར་བྱུང། དེའི་སྐབས་སུ་བོད་ཆོས་རྒྱལ་གདུང་ རབས་རྣམས་ཐུགས་གཤིས་བཟང་བས་སྐུ་དབང་མེད་པར། བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཡོངས་སུ་རྫོགས་པ་རྒྱ་ནག་གོང་མའི་ཕྱག་ཏུ་བོད་རྣམས་རང་དབང་མེད་པ་ཕུལ། འཇམ་དབྱངས་གོང་མའི་དམག་ དཔོན་ཧོར་དོར་རྟ་ནག་པོས་བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་ན། དགེ་འདུན་གྱི་སྡེ་བཀའ་གདམས་པ་ཆེ། ངོ་སྲུང་སྟག་ལུང་པ་མཁས་གཟི་བརྗིད་འབྲི་གུང་པ་ཆེ། ཆོས་ནི་ས་སྐྱ་པཎྜི་ཏ་མཁས་ཞེས་རྒྱ་ནག་ལ་ [445A]༄༅། །ཞུས་པས། ས་པཎ་གདན་དྲངས། དེ་ནས་སྔར་བཤད་པ་ལྟར་གྱི། འགྲོ་མགོན་ཆོས་རྒྱལ་འཕགས་པ་དེ་ཉིད་ས་པཎ་གྱི་སྐུ་ཚ་ལ་སོང་གཤིས་སྤང་རྟོགས་ཡོན་ཏན་དང་ལྡན་པས་ཤར་ཕྱོགས་རྒྱ་ནག་རྒྱལ་པོ་སེ་ཆེན་གྱིས་ གདན་དྲངས་ཏེ། མར་ལམ་བྱང་བརྒྱུད་ནས་ཕེབས། རྒྱ་ནག་ཕོ་བྲང་དུ་ཡང་རྫུ་འཕྲུལ་བསྟན་པ་སོགས་རྒྱལ་པོ་འདུན་པར་བྱས་རྒྱལ་པོས་ཀྱང་ས་པཎ་བླ་མར་ཁུར་བ་ལྟར། བླ་མར་འཛིན་ཅིང་ཀྱཻ་རྡོར་གྱི་དབང་ ཞུས། ཡར་བོད་དུ་ཕེབས་བསྐྱོད་གནང་སྐབས་སུ་དྲིལ་བུ་སྒམ་ནང་མ་སོགས་འབུལ་བ་རྒྱ་ཆེན་པོ་དང་བོད་ཁྲི་སྐོར་བཅུ་གསུམ་སྟེ་དབུས་གཙང་གཉིས་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་ རྟ་ཡི་ཆོལ་ཁ་སྟེ་ཆོལ་ཁ་གསུམ་ཕུལ་ཅིང། བོད་ཤིང་སྒོ་ཅན་ཐམས་ཅད་ཀྱི་དཔོན་དང་བླ་མ་ཟུང་འབྲེལ་དུ་བསྐོས། ཡར་བོད་དུ་ཕེབས་སྐབས་སུ་མདོ་ཁམས་བརྒྱུད་དེ་བོད་ཀྱི་སྡེ་རྣམས་རྩིས་བཞེས་མཛད་ཅིང་ བརྒྱ་དཔོན་དང་སྟོང་དཔོན་ཁྲི་དཔོན་སོགས་བསྐོས། ཆིབས་ཁ་བ་བུ་ཆུང་ལུས་བདེ་བ་ཞིག་ལ་སྡེ་དུམ་ཞིག་བྱིན་པས། ད་ལྟ་ཁམས་སྡེ་དགེར་གྲགས། དེའི་དུས་སུ་དབུས་ཀྱི་ཚལ་པ་ཁྲི་དཔོན། རྒྱ་མ་ཁྲི་དཔོན་ གཡའ་བཟང་ཁྲི་དཔོན་སོགས་བསྐོས། དཔོན་ཆེན་ཤཱཀྱ་བཟང་པོ་བོད་ཁྲི་སྐོར་བཅུ་གསུམ་གྱི་དཔོན་དུ་བསྐོས་པ་ནས། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་བར་དཔོན་ཆེན་ཉི་ཤུ་དང་ལོ་བདུན་ཅུ་དོན་ལྔ། དཔལ་ ལྡན་ས་སྐྱ་པ་བོད་དང་བོད་ཆེན་པོ་ཡོངས་ཀྱི་རྗེ་བོར་གྱུར་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་བསྐུལ་ཏེ་སྐྱིད་ཤོད་གེ་ར་ལྷ་སའི་ལྷ་ཁང་ལ་དཔེ་བྱས་ནས། ས་སྐྱ་ལྷ་ཁང་ཆེན་མོ་བཞེངས་པ་སོགས་མཛད་ [446B] ས་ནང་གྲུམས་པས་ཕག་གིས་ས་རློག་འཇིག་གསུངས་པ་ལྟར། དཔོན་ཆེན་ཐ་མ་དབང་བརྩོན་གྱིས་རང་གི་མངའ་འོག་ཏུ་ཡོད་དུ་ཆུག་ཀྱང་གོང་དུ་ཤོར་ཉེན་གྱི་ཕྲག་དོག་ལངས་ ཏེ། སྣེ་གདིང་པ་བྱང་ཆུབ་རྒྱལ་མཚན་ལ་མི་འཚམས་པ་མང་དུ་མཛད་པས། ཞབས་ཕྱི་གཞོན་ནུ་བཟང་པོས་དམག་གིས་ས་སྐྱ་བཅོམ་བོད་ཁྲི་སྐོར་བཅུ་གསུམ་འཕྲོག་ནང་རྟེན་དང་མཆོད་ཆ་ཁལ་རྒྱབ་བདུན་ཅུ་ མར་དྲངས་པ་སོགས་བྱུང། དེ་ཡི་ནང་རྟེན་ལ་སེང་གེའི་པགས་པ་སྡེར་མོ་མ་ཉམས་པ་ཡོད་པ་རྒྱ་ནག་འཇམ་དབྱངས་གོང་མ་ལ་ཕུལ་བས། ས་སྐྱ་པ་བླ་མ་འཕགས་པའི་དུས་ཀྱི་སྐབས་བཞིན་དུ་རླངས་ལྷ་གཟིགས་གདུང་ རྒྱུད། སྡེ་སྲིད་ཕག་མོ་གྲུབ་པ་བྱང་ཆུབ་རྒྱལ་མཚན་ལ་གསེར་ཡིག་གསེར་ཐམ་བྱུང། ཕྱིས་སུ་རྒྱལ་བ་ལྔ་པ་དགུང་ལོ་སོ་བདུན་མ་བཞེས་བར་དུ་ཡོད། དེ་ནས་ཏཱ་ལའི་བླ་མ་རྒྱལ་བའི་ཕྱག་ཏུ་འབྱོར་བའོ། ། ཆོས་རྒྱལ་སྣེ་གདོང་པ་ཇི་ལྟར་བྱུང་ཚུལ་ནི། ལྷོ་ཁ་རྩེད་ཐང་གི་ཉེ་འདབས་སུ་རླངས་ལྷ་གཟིགས་གདུང་རྒྱུད་ཆོས་རྒྱལ་སྣེ་གདོང་པ་བོད་ཁམས་ཡོངས་ཀྱི་དབང་ཕྱུག་ལྷ་བཙུན་དང་མི་རྗེའི་རིགས་ནི། ལྷ་བཙུན་ སི་ཏུ་བྱང་ཆུབ་རྒྱལ་མཚན། ལྷ་བཙུན་གུ་ཤྲཱི་ཤཱཀྱ་རྒྱལ་མཚན། ལྷ་བཙུན་སྤྱན་སྔ་གྲགས་པ་བྱང་ཆུབ། ལྷ་བཙུན་སྤྱན་སྔ་བསོད་ནམས་གྲགས་པ། ལྷ་བཙུན་གུ་ཤྲཱི་གྲགས་པ་རྒྱལ་མཚན། ལྷ་བཙུན་སྤྱན་སྔ་གྲགས་ པ་འབྱུང་གནས། ལྷ་བཙུན་སྤྱན་སྔ་ངག་གི་དབང་པོ། ལྷ་བཙུན་སྤྱན་སྔ་ཆོས་ཀྱི་གྲགས་པ། མི་རྗེ་བཀྲ་ཤིས་གྲགས་པ། མི་རྗེ་འགྲོ་བའི་མགོན་པོ། མི་རྗེ་དབང་གྲགས་པ་རྒྱལ་མཚན། མི་རྗེ་དཀར་བརྒྱུད་རྣམ་རྒྱལ་ [447A]༄༅། །མི་རྗེ་བསོད་ནམས་དབང་ཕྱུག་སོགས་དབང་ཐང་ཆེ་བ་བཅུ་གསུམ་དང། གདུང་རྒྱུད་སྲིད་འཛིན་ནི། དཔོན་བསོད་ནམས་བཟང་པོ། རིན་ཆེན་རྡོ་རྗེ། ཤཱཀྱ་རིན་ཆེན་སངས་རྒྱས་རྒྱལ་མཚན་ཀུན་དགའ་ ལེགས་པ། དབང་གི་རྒྱལ་པོ། ངག་གི་དབང་པོ། བཀྲ་ཤིས་གྲགས་པ། འགྲོ་བའི་མགོན་པོ། ངག་དབང་གྲགས་པ། དཀར་བརྒྱུད་རྣམ་རྒྱལ། བསོད་ནམས་དབང་ཕྱུག་སོགས་རྒྱལ་བ་ལྔ་པ་ཆེན་པོའི་བར་དུ་ བྱུང་ངོ། །དེ་དག་གི་ནང་བློན་འཕྱོངས་རྒྱས་སྡེ་པ་ཟ་ཧོར་རྒྱལ་རིགས་གཙུག་ལག་འཛིན་ནས་རྒྱལ་བ་ལྔ་པའི་ཡབ་བདུད་འདུལ་རབ་བརྟན་བར་མི་རབས་ཉི་ཤུ་རྩ་གསུམ་བྱུང་བའི་བཅུ་བདུན་པ་ནས་བཟུང་ཆོས་རྒྱལ་སྣེ་ གདོང་པ་ལ་གུས་འདུད་ཞབས་འདེགས་མཛད་པ་ནི་ལྔ་པ་རང་ཉིད་ཀྱིས་གསུངས་སོ། །སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་པའི་དུས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་ཕེབས་ཤིང། ལྷ་ ས་སྨོན་ལམ་འཛུགས་པ་སོགས་ཀྱི་སྦྱིན་བདག་གི་གཙོ་བོ་མཛད། སྔ་ཕྱི་ཀུན་ཏུ། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྒྱལ་བ་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་ སོགས་སྐྱེས་ཆེན་དམ་པ་བརྒྱ་ཕྲག་མང་པོ་ལ་གུས་འདུད་དང་དད་འབུལ་རྒྱ་ཆེར་མཛད་དོ། །ནང་པ་སངས་རྒྱས་པའི་གྲུབ་མཐའ་ཀུན་ཕྱོགས་རིས་སྡང་ཤུགས་མེད་པའི་དཔང་པོར་འོས་པ། དཔོན་གཡོག་ནང་འཁྲུགས་ མེད་ཅིང་ཐུགས་ནང་ཤིས་པ་བོད་ཀྱི་རྗེ་བོ་ཐམས་ཅད་ཀྱི་ནང་ནས་རླངས་ལྷ་གཟིགས་ཀྱི་གདུང་རབས་འདི་དྲག་པ་བྱུང། ཞེས་མཁས་པ་ཀུན་གྱིས་གླེང། ཆོས་རྒྱལ་སྣེ་གདོང་དཔོན་རབས་ཀྱི་སྐུ་རིང་རང་དང་རང་གི་བཀའ་ [448B]རྫོང་བརྩིགས་པ་ནི། རྩེད་ཐང་སྣེ་གདོང་རྫོང། འཕྱོངས་རྒྱས་ཕྱིང་བར་སྟག་རྩེའི་རྫོང། འོལ་དགའ་སྟག་རྩེའི་རྫོང། དབུས་སྟོད་བྱི་རུ་སྟག་རྩེའི་རྫོང་ བྲག་དཀར་གསང་སྔགས་བདེ་ཆེན་རྫོང། འཕན་ཡུལ་ལྷུན་གྲུབ་རྫོང། གཞིས་ཁ་སྣེའུ་རྫོང། སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང། ཆུ་ཤུར་རྫོང། ཡར་འབྲོག་དཔལ་དིའི་རྫོང། རོང་རིན་སྤུངས་རྫོང་ ཉང་སྟོད་རྒྱལ་མཁར་སྟག་རྩེའི་རྫོང། ཉང་སྟོད་པ་ནམ་ལྷུན་གྲུབ་རྫོང་སྟེ་མཁར་རྫོང་བཅུ་གསུམ་བརྩིགས་པ་བྱུང་གཙང་པ་སྡེ་པས་བསམ་གྲུབ་རྩེའི་རྫོང། གཙང་སྟོད་ལྷ་རྩེའི་རྫོང། སྐྱིད་ཤོད་རྡོ་མཁར་ རྫོང། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕོ་བྲང་དམར་པོ་རིའམ་པོ་ཏ་ལ་ཞིག་གསོས་མཛད་དོ། །འབྲས་སྤུངས་ཐད་གཙང་པོ་ཕ་རི་ལ་གཞིས་ཁ་སྣེའུ་རྫོང་ལ་རླངས་ལྷ་གཟིགས་ཀྱི་གདུང་ཆོས་རྒྱལ་སྣེ་གདོང་པའམ་སྡེ་སྲིད་ ཕག་མོ་གྲུབ་པའི་སྐུ་མཆེད་རིན་ཆེན་བཟང་པོ། དྲུང་གྲགས་པ་དྲུང་ནམ་མཁའ་བཟང་པོས། ལྷ་ས་སྨོན་ལམ་གྱི་སྦྱིན་བདག་མཛད་དྲུང་ནམ་མཁའ་དཔལ་འབྱོར། དྲུང་གྲགས་པ་དཔལ་བཟང། དྲུང་དཔལ་ འབྱོར་རྒྱལ་པོ། དེ་ཡི་སྲས་དྲུང་ངག་དབང་བསོད་ནམས་རྒྱལ་པོ་ངག་དབང་བསོད་ནམས་ལྷུན་གྲུབ་གཉིས་ཀྱི་དུས། གཙང་རིན་སྤུངས་པ་སྡེ་པ་དོན་ཡོད་ཀྱིས་སྣེའུ་རྫོང་དང་དཔལ་འབྱོར་ལྷུན་པོ་བཅས་བཅོམ་ཞིང་ སྐུ་མཆེད་གཉིས་ཀྱིས་སྟག་ལུང་པ་ལ་སྲོག་སྐྱབས་ཞུས་པས། སྣེ་གདོང་ཆོས་རྒྱལ་གྱི་སྐུ་རུས་ཡིན་གཤིས་འཕན་ཡུལ་ནས་གཞིས་ཀ་ལེགས་པ་ཞིག་གནང་བའི་མི་རིགས་ཉན་པོ་ཕྱུག་པོ་ཡིན། སྣེའུ་གདོང་དྲུང་གྲགས་པའི་ [449A]༄༅། །དཔོན་མོ་བུ་ཁྲིད་དཔལ་འཛོམས་དང། དྲུང་ནམ་མཁའ་དཔལ་འབྱོར་གྱི་དཔོན་མོ་སངས་རྒྱས་གཉིས་པོ་ཏ་ལ་ཡི་རྒྱབ་ཕྱོགས་དཔལ་འབྱོར་ལྷུན་པོར་བཞུགས་ཏེ། དགེ་ལྡན་རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་ ཕལ་ཆེར་པར་དུ་བཀོད་པ་སོགས་གུས་འདུད་མཛད་དོ། །གཙང་རོང་རིན་སྤུངས་སྡེ་པ་ནམ་མཁའ་རྒྱལ་མཚན། ནམ་མཁའ་རྒྱལ་པོ། ནོར་བུ་བཟང་པོ། ཀུན་བཟང། དོན་ཡོད་རྡོ་རྗེ། ངག་དབང་རྣམ་ རྒྱལ། སྙན་ངག་མཁན་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་སྟེ་དཔོན་བདུན་བྱུང་ཞིང། བཀའ་གདམས་པའི་བླ་མ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་རོང་བྱམས་ཆེན་བཞེངས་པའི་སྦྱིན་བདག་ མཐིལ་ལེན་རིན་སྤུངས་ནོར་བུ་བཟང་པོས་བྱས་པ་ཡིན། དེ་ཡི་ཚ་བོ་རིན་སྤུངས་དོན་ཡོད་སོགས་ཀྱིས་སྣེ་གདོང་ཞང་ཚའི་ཉེ་རིགས་ཡིན་པས་དང་པོར་མཐུན་ཞིང། ཕྱིས་སུ་སྣེ་གདོང་པར་རྩིས་འཇོག་ཆེ་བ་མ་བྱས་ པས་དབང་ཐང་རྒུད་དེ་རིན་སྤུངས་སྡེ་པ་སྙན་ངག་མཁན་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་ཧ་ཅང་ཐུགས་རྒྱུད་འཇམ་པས་བྲན་གྱིས་ཚོད་ལོན་ཏེ་འབངས་གྱེན་ལོག་བྱས་ནས་བྲན་གྱི་ཞབས་སུ་སྐྱབས་འཆོལ་ ནས་སྡོད་དགོས་པ་བྱུང་ངོ། །གཞུང་དགའ་ལྡན་ཕོ་བྲང་ཇི་ལྟར་བྱུང་ཚུལ་ནི། རྒྱལ་བ་ལྔ་པའི་དེབ་ཐེར་དུ། འབྲི་ཡི་རྭ་ཅོ་ཕག་གི་མཇུག་མ་ཅན། །ཞེས་གསུངས་ པ་བཞིན་འབྲི་གུང་རྭ་ཙམ་ཕག་གྲུ་མཇུག་མ་ཙམ་གྱི་བསྟན་པ་ལ་སོང་ཚེ། བྫྲ་པ་ཎིའི་སྤྲུལ་པའི་རྒྱལ་པོ་འབྱུང་གསུངས་པ་ལྟར། གུཤྲཱི་རྒྱལ་པོ་བྱུང་ལ། དེ་ཡང་སྔོན་ཚེ་མཚོ་སྔོན་རྒྱལ་པོའི་སྲས་རྒྱལ་བ་ཡོན་ཏན་རྒྱ་ [450B] དེ་ཡི་སྐུ་སྐྱེ་ལྔ་པ་ཆེན་པོ་ཡིན་པས་འབྲེལ་དང། བར་ཁམས་སུ་བེ་རེ་དོན་ཡོད་ཀྱིས་བསྟན་པ་ལ་གནོད་ཚབས་ཆེ། ཀར་སོག་ཁལ་ཁ་ཆོག་ཐུའམ་རྟ་ཁྲ་ཅན་གནོད་ཚབས་ཆེ་བས། གུ་ཤྲཱི་རྒྱལ་ པོས་ཐམས་ཅད་བཅོམ་ཞིང་གྲགས་ཆེ་བས། རྒྱལ་བ་ལྔ་པའི་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་བོད་ལ་ཕེབས་དགོས་ཞུས་པ་ལྟར་ཕེབས་ཏེ་གཙང་བཀྲ་ཤིས་ལྷུན་པོའི་གཞིས་ཀ་རྩེའམ། ཕོ་བྲང་བསམ་གྲུབ་རྩེ་ལ་ རིན་སྤུངས་སྡེ་པ་སྙན་ངག་མཁན་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པའི་འབངས་ཀརྨ་ཚེ་བརྟན། དེ་ཡི་སྲས་ཕུན་ཚོགས་རྣམ་རྒྱལ། དེ་ཡི་སྲས་ཀརྨ་བསྟན་སྐྱོང་སྟེ་སྡེ་པ་གཙང་པ་མི་རབས་གསུམ་བྱུང་བའི་ཐ་ མ་དང་གུ་ཤྲཱི་རྒྱལ་པོས་གཡུལ་འཁྲུགས་ཟླ་བ་བདུན་དུ་བྱས་ནས་དཔུང་ཤེད་ཀྱིས་བོད་ཐམས་ཅད་བླངས་ཏེ་ཀུན་གཟིགས་ལྔ་པ་ཆེན་པོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ཕུལ། དེ་ཡི་རྒྱབ་རྟེན་ལྟ་བུར་གུ་ཤྲཱི་ རང་ལོ་བཅུ་གཉིས། རྒྱལ་པོ་ལག་དམར་རམ་བསྟན་འཛིན་དཱ་ཡན། དེ་ཡི་སྲས་རྒྱལ་པོ་ལྷ་བཟང་ཧན་བོད་དུ་བཞུགས། རྒྱལ་བ་ལྔ་པ་རང་གི་ཕྱག་མཛོད་དགེ་ཚུལ་བསོད་ནམས་ཆོས་འཕེལ་སྡེ་སྲིད་དུ་བསྐོས་ནས་ལོ་ བཅོ་བརྒྱད། ཉང་བྲན་སྡེ་པ་འཕྲིན་ལས་རྒྱ་མཚོས་ལོ་བརྒྱད་ལྔ་པ་རང་གིས་འགན་ཁུར་ལོ་གཅིག་སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱིས་ལོ་ངོ་དྲུག་པོ་ཏ་ལའི་གྲྭ་ཚང་སྡེ་པ་བློ་བཟང་སྦྱིན་པས་ལོ་གསུམ་ ཉང་བྲན་སྡེ་པ་འཕྲིན་ལས་རྒྱ་མཚོ་སྲས་སྡེ་སྲིད་སངས་རྒྱས་མཚོས་རྒྱལ་བ་ལྔ་པ་བཞུགས་རིང་ལོ་བདུན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་བཞུགས་སྐབས་ལོ་ཉེར་བཞི་སྟེ་མི་འབྲུག་ནས་མེ་ཁྱི་བར་ལོ་སུམ་ཅུ་སོ་༄༅། །གཅིག་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་མཚོ་སྔོན་རྒྱལ་པོ་ལྷ་བཟང་མཆོད་ཡོན་འབྲེལ་ཏེ་མེ་ཁྱི་ནས་ས་ཁྱི་བར་ལོ་ངོ་བཅུ་གསུམ། ཧུང་ཐས་ཇིས་མངགས་པའི་ཨོ་རོད་ཇུན་གར་དང། སྡེ་པ་སྟག་རྩེ་ལྷ་ རྒྱལ་རབ་བརྟན་བཅས་ལོ་ངོ་གསུམ། རྒྱ་ནག་ཆིང་གི་སི་ཡི་རྒྱལ་རབས་གཉིས་པ་ཁང་ཞི་བདེ་སྐྱིད་རྒྱལ་པོའི་དཔུང་དང་བཅས་པས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་བོད་ཡུལ་དབུས་པོ་ཏ་ལར་ཁྲི་ལ་མངའ་གསོལ། གཙང་ ཁང་ཆེན་ནས་དཱ་ཆིང་པཱ་དུར་ཇུན་གར་གྱི་དཔུང་ལ་དཔའ་བའི་བདག་རྐྱེན་དུ་དཔོན་དུ་བསྐོས་པ་ལྕགས་བྱི་ནས་མེ་རྟ་བར་ལོ་ངོ་བདུན། བཀའ་བློན་ལུམ་པ་བ། བཀའ་བློན་ཀོང་པོ་ང་ཕོད་པ། བཀའ་བློན་སྦྱར་ར་ བ་བཅས་ཀྱིས་མེ་རྟ་ནས་ས་སྤྲེལ་ཟླ་བ་དྲུག་པའི་བར་ལོ་ངོ་གསུམ། ས་སྤྲེལ་ནས་ཤིང་གླང་ཟླ་བ་གཉིས་པའི་བར་གཙང་སྦྲུམ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ཀྱིས་ལོ་བཅོ་བརྒྱད། དེ་ཡི་སྲས་དཱ་ལས་པཱ་དུར་འགྱུར་ མེད་རྣམ་རྒྱལ་གྱིས་ཤིང་གླང་ནས་ལྕགས་རྟ་ཟླ་བ་བཅུ་པའི་བར་ལོ་ངོ་དྲུག་དེ་སྐབས་རྒྱ་ནག་ཆིང་གི་སི་ཡི་རྒྱལ་རབས་བཞི་པ་ལྷ་སྐྱོང་རྒྱལ་པོའི་བཀའ་ཡིས། དཱ་ཆིང་པཱ་དུར་གྱི་ཚ་བོ་བཀའ་བློན་གུང་དགའ་བཞི་ནོ་ཡོན་ བཀའ་བློན་གཡག་རོང་པ་ཚེ་རིང་དབང་རྒྱལ། བཀའ་བློན་ཐོན་པ། བཀའ་བློན་པོ་ཏ་ལ་ཡི་རྩེ་དྲུང་རེ་བཅས་བཞི་སྦྲེལ་ནས་ལྕགས་ལུག་ཟླ་བ་དང་པོ་ནས་བསྐོས་པའི་མེ་བྱ་བར་ལོ་ཉེར་བདུན་སོང་ རྒྱལ་བ་ཙོང་ཁ་པ་འཁྲུངས་པའི་རབ་བྱུང་དྲུག་སའི་མེ་བྱ་ལོ་ནས། རབ་བྱུང་བཅུ་གསུམ་པའི་མེ་བྱ་ལོ་རྒན་དྲུག་ཅུ་སྐོར་བདུན་སོང་བ། རྒྱལ་བ་ཙོང་ཁ་པ་འཁྲུངས་པ་ནས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དགུང་ལོ་ཉི་ཤུ་ [452B] རྒྱ་ནག་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ལྷ་སྐྱོང་རྒྱལ་པོ་དགུང་ལོ་ལྔ་བཅུ་ང་གཉིས་པ། ཁྲིར་ཕེབས་ནས་ལོ་ཉེར་བདུན་པའི་ཆུ་རྟ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ སྐུ་སྐྱེ་བློ་བཟང་བསྟན་པའི་དབང་ཕྱུག་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དགུང་ལོ་ལྔ་བཞེས་དུས་བོད་ཡུལ་དབུས་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲི་ལ་མངའ་གསོལ་ནས་རབ་བྱུང་བཅུ་གསུམ་པའི་མེ་བྱ་བར་ལོ་བཅུ་དྲུག་གོ། ། བོད་ཁམས་ལ་དབང་བསྒྱུར་བའི་དཔོན་རབས་དགའ་ལྡན་ཕོ་བྲང་པ་དེ་དག་གིས་རྣམ་དཀར་གྱི་བྱ་བ་འདུ་བྱས་པ་ཡིན། སྡེ་སྲིད་དཔོན་བསོད་ནམས་ཆོས་འཕེལ་གྱིས། ལྷ་ས་ཇོ་ཁང་ཁྱམས་ར་དང་བཅས་པ། རྭ་ སྒྲེང་གི་འདུ་ཁང་ཆེན་པོ་དབུ་རྩེ་དང་བཅས་པ། དགེ་ལྡན་ཡངས་པ་ཅན། འོལ་ཁ་རྫིང་ཕྱི་ལྷ་ཁང་དང། འབྲས་སྤུངས་དང། སེ་ར་གཉིས་ཀྱི་ཚོགས་ཁང་རྙིང་པ། པོ་ཏ་ལའི་ཚོམས་ཆེན་སོགས་ལ་ཞིག་ གསོས་མཛད། སྤྱིར་གྱི་པོ་ཏ་ལ་འདི་སྡེ་སྲིད་གཙང་པའི་སྐབས་སུ་ཡང་གསར་བརྒྱབ་ལྟ་བུ་མཛད་པ་ནི་ཕོ་བྲང་ལྟེ་བ་དཀར་པོ་འདི་ཡིན། སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱིས་ར་མོ་ཆེའི་ཇོ་ཁང་ར་བ་དང་ གསར་བཞེངས་དང། བཀའ་འགྱུར་ཡང་ཁྱད་འཕགས་བཞེངས་སོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། རིག་གནས་ལྔ་ལ་མཁྱེན་པ་རྒྱས་ཤིང། སྨན་དང་རྩིས་ཀྱིས་མཚོན་པའི་བསྟན་ཆོས་མང་དུ་རྩོམ་པ་མཛད་ཅིང། ཁྱད་ པར་དུ་པོ་ཏ་ལའི་ཞབས་བརྟན་ལྷ་ཁང་ཚོམས་ཆེན་གསར་པ་གསེར་གདུང་རིན་པོ་ཆེ་འཛམ་གླིང་རྒྱན་གཅིག་ངོ་མཚར་ཅན་དང་སྐུ་གསུང་ཐུགས་རྟེན་བསམ་མི་ཁྱབ་པ་ཕྱི་སྐོར་གྱི་རྡོ་རིང་རྡོ་སྐས་དང་བཅས་པ་བཞེངས། རྒྱལ་ [453A]༄༅། །བ་ལྔ་པའི་དགོངས་རྫོགས་སུ་ཚོགས་མཆོད། ཚོགས་མཆོད་གསེར་སྦྲེང་དང། གཞུང་གི་བཞེས་སྒོ་དཔྱ་ཁྲལ་གྱི་སྲོལ་འཛུགས་དང། སེ་འབྲས་དགེ་གསུམ་ལ་རྒྱུན་ཇ་རེ་དང། དགེ་ལྡན་དངུལ་གདུང་རིན་པོ་ ཆེ་ལ་ཉིན་རེ་བཞིན་བརྒྱ་མཆོད་སོགས་འཛུགས་པ་གནང་ངོ་།རྒྱལ་པོ་ལྷ་བཟང་གིས་ནི། སེ་ར་ཐེག་ཆེན་གླིང་གི་འདུ་ཁང་རྒྱ་ཕིབས་བྱམས་ཆེན་དང་བཅས་པ་ཁྱད་དུ་འཕགས་པ་བཞེངས་འབྲས་ སྤུངས་སྤྱི་སོར་འཕན་ཡུལ་རམ་དང་བོད་འབྲོག་བཀྲ་ཤིས་སྒོ་མང་པར་སྟོད་ལུང་ཕུ་ནས་གཞིས་ཀ། བཀྲ་ཤིས་ལྷུན་པོའི་རྟ་ནག་རིན་ཆེན་རྩེ། འབྲོག་སྡེ་སླེ་ཕུ། བོད་འབྲོག་བཅས་ཕོགས་ཐེབས་ལ་སྦྱར། དགེ་ ལྡན་པ་ལ་བདེ་ཆེན་རྫོང་དང། སེ་ར་བ་ལ་སྡེ་པ་གྲོང་སྨད་པའི་གཞིས་ཁ་སོགས་ཕོགས་ཐེབས་ལ་སྦྱར་བར་མཛད། རྒྱལ་བ་ཚངས་དབྱངས་པས་དཔོན་ཚུལ་གནང་སྐབས་སུ། ལྷ་ས་ཁྲོམ་གཟིགས་ཁང་དང་ལྷ་ཀླུ་དགའ་ ཚལ། ཇོ་བོའི་ལྷ་ཁང་གི་མདའ་ཡབ་སོགས་ཀྱིས་མཚོན་པའི་རྟེན་བཞེངས་པ་དང་བཀའ་འགྱུར་པར་གླེགས་བམ་ཉེར་བཞི་ཙམ་བརྐོ་བར་མཛད། ཁང་ཆེན་ནས་དཱ་ཆིང་པཱ་དུར་གྱི་སྐབས་སུ། དཔལ་ལྡན་རྒྱུད་སྨད་པའི་ལྷ་ སའི་ཆོས་རྭ་རྒྱུད་ཁང། ཙོང་ཁ་བརྒྱད་ཅུའི་ཞལ་ཐང་ཁྱད་འཕགས་དང་སེ་འབྲས་དགེ་གསུམ་ལ་བཀུར་སྟི་ཆེ་བར་མཛད་དཔོན་ཕོ་ལྷ་བ་ཇུན་ཝང་ཡབ་སྲས་ཀྱིས། བཀའ་འགྱུར་དང་བསྟན་འགྱུར་དང། སེ་འབྲས་ཀྱི་ མཚན་ཉིད་ཡིག་ཆ་རྣམས་པར་དུ་བརྐོ་བར་མཛད་ཅིང། རྗེ་དོན་ཡོད་མཁས་གྲུབ་པ། རྗེ་བྱམས་པའི་མཚན་ཅན་དང། རྗེ་འཇམ་དབྱངས་བདེ་བའི་རྡོ་རྗེ། ཁྲི་ཆེན་ནམ་མཁའ་བཟང་པོ་སོགས་ལ་གུས་འདུད་ [454B] དཔལ་ལྡན་འབྲས་སྤུངས་འདུ་ཁང་ཆེན་མོ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་མཆོད་རྫས་དང་བཅས་པ་བཞེངས་པར་མཛད། བཀྲ་ཤིས་སྒོ་མང་གི་གྲྭ་ཁང་ཆེན་མོ། འབྲས་སྤུངས་ སྔགས་པའི་གྲྭ་ཁང། ཧར་གདོང་རྒྱུད་ཁང། སེ་ར་ཐེག་ཆེན་གླིང་གི་བྱེས་ཀྱི་གྲྭ་ཁང། ཧར་གདོང་སྤྱི་ཁང། བསམ་ལྷོ་ཆོས་མཛོད་གླིང། དགེ་ལྡན་འདུ་ཁང་ཆེན་པོར་གསེར་གྱི་རྒྱ་ཕིབས་དང་བཅས་པ་ ཉག་རོང་གྲྭ་ཁང། གསེར་འགྱུར་དེ་ཡི་སྟེང་དུ་རྒྱ་ཕིབས། ཐུབ་པ་ཚུལ་ཁྲིམས་མའི་བཞུགས་ཁང་གསེར་ཟངས། ཨ་མདོ་སྐུ་འབུམ་བྱམས་པ་གླིང་གི་སྐུ་འབུམ་ཐོག་གི་རྒྱ་ཕིབས། ལི་ཐང་སྡེ་པས་ཞུས་ངོར་ལྷ་ས་ཇོ་ཁང་གི་ སྒོ་ཁང་ཐོག་ལ་རྒྱ་ཕིབས། རྒྱུད་སྨད་གསང་སྔགས་མཁར་གྱི་གྲྭ་ཁང། རྒྱུད་སྟོད་དབུས་སྟོད་ཆུ་མདའི་གྲྭ་ཁང། ར་མོ་ཆེའི་ཆོས་རྭ། དཔག་བསམ་འཁྲི་ཤིང་གི་ཐང་སྐུའི་པར། ཙོང་ཁ་བརྒྱད་ཅུའི་ཐང་སྐུའི་པར་ ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐོར་ལམ་གྱི་བཅོ་ལྔ་མཆོད་པ་རྒྱུན་ལྟར་ཉ་སྟོང་བརྒྱད་གསུམ་ལ་སྟོང་མཆོད་རེ་རེ། ལྷ་ལྡན་སྨོན་ལམ་ལ་ཇ་ཚུལ་དང་འགྱེད་གསར་འཛུགས། སེ་འབྲས་དགེ་གསུམ་ལྷ་ས་སྨོན་ལམ་བཅས་ ཀྱི་ཚོགས་ཁྲོ་སྤུས་ལེགས་གསར་བསྒྲུབས་དང། རྒྱུན་པར་ཇ་ཚུལ་གྱ་ནོམ་པ་གནང་བ་སོགས་རྣམ་དཀར་གྱི་བྱ་བ་ལ་འབད་པར་མཛད་དོ། །རྒྱལ་བའི་ཡབ་རྗེ་བསོད་ནམས་དར་རྒྱས་ཀྱིས་ཀྱང། བསམ་ཡས་ དབུ་རྩེའི་ཐོག་རྒྱ་ཕིབས་དང་མདའ་ཡབ། ཇོ་ཤཀ་རྣམ་གསུམ་ལ་གསེར་གྱི་དབུ་གདུགས་རེ་རེ་འབུལ་བ་གནང། ཝང་དཱ་ལས་པཱ་དུར་འགྱུར་མེད་རྣམ་རྒྱལ་གྱིས། གསང་ཕུ་ནེའུ་ཐོག་གི་འདུ་ཁང། ལ་མོ་བྱང་ཆུབ་ [455A]༄༅། །ལྕོག་གི་ཁང་པ་རྒྱ་ཕིབས་དང་བཅས་པ། བསམ་གྲུབ་ཁང་གསར། དགའ་ལྡན་ཁང་གསར་སོགས་བསྒྲུབས་ཀྱང་དེ་ཡི་ནང་དུ་ཞག་བཅུ་སྐོར་ཙམ་ཡང་སྡོད་ལོང་མ་བྱུང་ཞིང། སེམས་གདོན་གྱིས་བསྐྱོད་པས་མ་ བརྟག་པའི་སྤྱོད་པ་སྣ་ཚོགས་ཤིག་བྱེད་པ་བྱུང། རྒྱལ་བ་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོ་ཞིང་གཤེགས་ཁར་ལོ་བདུན་བཀའ་བློན་བཞི་ལ་བཀའ་བཀོད་གནང་བ་ཉན་པ་བྱུང་བས་དེ་སྐབས་སུ་གསེར་དང་དངུལ་ དང་རྒྱ་མཚོས་བཅས་པའི་བཀའ་འགྱུར་ཚར་གསུམ་དང། སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་དང་བཅས་པའི་བཞུགས་གདན་གསར་བཟོས་དང། ཇ་བྲ་དང། ཕོགས་ཁལ་འབོ་རེ། དངུལ་བལ་ཊཾ་རེ་གསར་འཛུགས་ གནང། བཀའ་བློན་བཞིས་ཀྱང། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཞིང་ལ་ཕེབས་པའི་དགོངས་རྫོགས་སུ། པོ་ཏ་ལར་གསེར་གདུང་རིན་པོ་ཆེ་དང་སྟེང་གི་རྒྱ་ཕིབས་དང་བཅས་པ་བཞེངས་ཤིང། ལོ་ལྟར་ འདས་མཆོད་དང་སྨོན་ལམ་ཞག་གཉིས་འཕར། སེ་འབྲས་དགེ་གསུམ་ལ་དགོངས་རྫོགས་སུ་དམིགས་ནས། འཇམ་དབྱངས། བྱམས་པ། རྗེ་བློ་བཟང་གྲགས་པའི་གསེར་སྐུ་ཆེན་མོ་དང་བཅས་པ་གསར་བཞེངས་ གནང། རྩེ་དྲུང་བཀའ་བློན་ཐོག་མ་འཕྱོངས་རྒྱས་པ་ཉི་མ་རྒྱལ་མཚན་གྱིས་གསེར་གྱི་བཀའ་འགྱུར་སྤུས་ལེགས་བཞེངས་ཏེ་རྒྱལ་བའི་སྐུ་གདུང་གི་མདུན་དུ་ཕུལ། དེ་རྗེས་སུ་རྒྱལ་བའི་གསོལ་དཔོན་འཕྱོངས་རྒྱས་བཀའ་ བློན་ཛ་སག་བླ་མ་ཡུན་རིང་མཛད། སྐྱ་སེར་ཐམས་ཅད་ཀྱིས་བརྩི་འཇོག་ཆེ་བ་རང་དོན་གཙོ་བོར་མི་བྱེད་གཞུང་བསམ་ཆེ་བ་བྱུང། བཀའ་བློན་གཡག་རོང་ཚེ་རིང་དབང་རྒྱལ་གྱིས་བཀའ་འགྱུར་རྒྱ་ཚོས་དང་བཅས་ [456B] སྒྲ་དང་སྙན་ངག་ལ་མཁས་ཤིང། ཐུབ་དབང་གི་རྟོགས་བརྗོད་ལྔ་བརྒྱ་ང་བརྒྱད་པ། སྐད་གཉིས་ཤན་སྦྱར་སོགས་བརྩམས་ཤིང། རྡོ་རྗེ་འཇིགས་བྱེད་སོགས་ལ་རྣལ་འབྱོར་བྱེད་ པའོ། །ཀོང་པོ་དེ་མོ་བ་རྒྱལ་ཚབ་ངག་དབང་འཇམ་དཔལ་གྱིས་ལོ་ཉི་ཤུ་རྩ་གཅིག་ཏུ་བླ་དཔོན་ཟུང་འབྲེལ་དུ་མཛད་ཅིང། སེ་འབྲས་དགེ་གསུམ་ ལ་སོགས་པའི་འདུས་སྡེ་མཐའ་དག་ལ་འདུལ་བ་དང་འགལ་བའི་ཐ་མི་ཁ་གཅོད་པ་དང། ལྷ་ས་གསང་སྔགས་དགའ་ཚལ་རྟེན་དང་བཅས་པ་དང། བསམ་ཡས་ཞིག་གསོས་རྒྱ་ཆེར་གནང་ཞིང། གཞན་ཡང་གནས་རྙིང་ སོགས་ལ་ཞིག་གསོས་མང་དུ་མཛད། སེ་ར་སྨད་མེ་ཡིས་འཇིག་པ་སླར་གསར་སྐྲུན་སོགས་ལེགས་པར་གནང། བཀའ་བློན་དགའ་བཞི་གུང་པཎྜི་ཏ་ནོ་ཡོན་དེའི་སྲས་བཅས་ནས་གསེར་དངུལ་གྱི་བཀའ་འགྱུར་དང་ བསྟན་འགྱུར་ཚར་ལྔ་བཞེངས་ཤིང། དངུལ་རྐྱང་གི་སྐུ་སྤྱན་རས་གཟིགས་དང་བྱམས་མགོན་ཐོག་ཚད་མ། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ་དང། ཁྱད་པར་ཇོ་བོ་ཤཱཀྱ་མུ་ནེ་སོགས་ལ་ཕྱག་དང་སྐོར་བ་ མཆོད་པ་གཙོ་བོར་མཛད། རང་གི་གཏན་གྱི་སྐྱབས་གནས་བླ་མ་རྣམས་ལ་གུས་པ། དགེ་འདུན་ལ་བསྙེན་བསྐུར་ཡུན་རིང་གནང་བས་ཚེ་རིང་བ་དང། འཇིག་རྟེན་པའི་ལྷ་མ་བརྟེན་པས་དཔོན་གཡོག་ནང་ཁ་ གཤིན་པ་བྱུང་ཞིང་དར་རྒུད་ཆུང་བས་ཆགས་བརྟན་པ་བྱུང་ངོ། །ད་ལྟ་ནི་རྒྱ་ནག་གོང་མའི་ལུང་གིས་དགའ་ལྡན་ཁྲི་པ་དྲུག་ཅུ་རེ་གཅིག་པ་ཨ་མདོ་ཅོ་ནེ་སེར་སྨད་ངག་དབང་ཚུལ་ཁྲིམས་བླ་དཔོན་ཟུང་འབྲེལ་མཛད་ [457A]༄༅། །སྐབས་སུ་བཞུགས། སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་པ་ལ། ལྔ་བརྒྱ་ཕྲག་བཅུར་འགྱུར་ཏེ། ལྔ་བརྒྱ་དང་པོ་ལ་དགྲ་བཅོམ་ཐོབ་པ་མང་བས་དགྲ་ བཅོམ་ལེའུ། གཉིས་པ་ལ་ཕྱིར་མི་འོང་ཐོབ་པ་མང་བས་ཕྱིར་མི་འོང་གི་ལེའུ། གསུམ་པ་རྒྱུན་ཞུགས་ཐོབ་པ་མང་བས་རྒྱུན་ཞུགས་ལེའུ་སྟེ། འབྲས་བུའི་དུས་གསུམ་མོ། །ལྔ་བརྒྱ་ཕྲག་བཞི་པ་ལྷག་མཐོང་སྒོམ་པ་ མང་བས་ཤེས་རབ་ཀྱི་བསླབ་པའི་ལེའུ། ལྔ་བརྒྱ་ཕྲག་ལྔ་པ་ཞི་གནས་སྒོམ་པ་མང་བས་ཏིང་ངེ་འཛིན་གྱི་བསླབ་པའི་ལེའུ་ལྔ་བརྒྱ་ཕྲག་དྲུག་པ་སོ་ཐར་གྱི་སྡོམ་ཁྲིམས་ལ་གནས་པ་མང་བས་ཚུལ་ཁྲིམས་ཀྱི་བསླབ་ པའི་ལེའུ་སྟེ། སྒྲུབ་པའི་ལེའུ་གསུམ་མོ། །ལྔ་བརྒྱ་ཕྲག་བདུན་པ་ཆོས་མངོན་པ་ལ་ཐོས་བསམ་བྱེད་པ་མང་བས་མངོན་པའི་སྡེ་སྣོད་ཀྱི་ལེའུ། ལྔ་བརྒྱ་ཕྲག་བརྒྱད་པ་མདོ་སྡེ་ལ་ཐོས་བསམ་བྱེད་པ་མང་བས་ མདོ་སྡེའི་སྡེ་སྣོད་ཀྱི་ལེའུ། ལྔ་བརྒྱ་ཕྲག་དགུ་པ་འདུལ་བ་ལ་ཐོས་བསམ་བྱེད་པ་མང་བས་འདུལ་བའི་སྡེ་སྣོད་ཀྱི་ལེའུ་སྟེ། ལུང་དུས་གསུམ་མོ། ལྔ་བརྒྱ་ཕྲག་བཅུ་པ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཙམ་འཛིན་པ་མ་ གཏོགས་མི་འབྱུང་བས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ལ་ལྔ་བརྒྱ་ཐ་མ་ཞེས་པ་ཡིན་པར། བུ་སྟོན་རིན་ཆེན་གྲུབ་ཀྱིས་གསུངས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དགུང་ལོ་སོ་གཅིག་བཞེས་དུས། སངས་རྒྱས་ཀྱི་ བསྟན་པ་ལོ་བརྒྱ་ཕྲག་ལྔ་བཅུ་ཡོད་པའི་བརྒྱ་ཕྲག་བཞི་བཅུའི་ནང་ན་ཡོད་ཅེས་རྗེ་བྱམས་པས་གསུངས། འདུལ་བ་དང་མཛོད་ཀྱི་ལུགས་སོ། །སྐར་རྩིས་པས་སངས་རྒྱས་ཀྱི་བསྟན་པ་ལ་ལྔ་སྟོང་ཡོད་པ་འདྲ་དང། རྒྱལ་བ་ [458B] ལོ་བརྒྱ་ཕྲག་ཉེར་དྲུག་དྲུག་ཅུ་རེ་དྲུག་ཕུར་བུ་ཞེས་པ་ས་སྤྲེ་ལོ་སོང་ཞེས་བརྗོད་དོ། །རྒྱལ་བ་འཇམ་དཔལ་རྒྱ་མཚོ་དགུང་ལོ་སུམ་ཅུ་བཞེས་དུས་མེ་ལུག་ལོ་ བྱང་ཤམ་བྷ་ལའི་རིགས་ལྡན་རྒྱལ་པོ་ཉི་ཤུ་རྩ་ལྔའི་བཅུ་དགུ་པ་རིགས་ལྡན་རྒྱལ་པོ་རྣམ་གནོན་མེ་ལུག་ལ་ཁྲིར་ཕེབས་ནས་ཡང་མེ་ལུག་ལ་རེ་གཅིག་སོང། རྒྱལ་པོ་དེ་ལོ་སུམ་ཅུ་ཁྲིར་བཞུགས་ལོ་བརྒྱ་ལོན་པ་ནས་ དེའི་སྲས་སྟོབས་པོ་ཆེ་ལོ་བརྒྱ། དེའི་སྲས་མ་འགག་པ་ལོ་བརྒྱ་དེའི་སྲས་མིའི་སེང་གེ་ལོ་བརྒྱ། དེའི་སྲས་དབང་ཕྱུག་ཆེན་པོ་ལོ་བརྒྱ། དེའི་སྲས་མཐའ་ཡས་རྣམ་རྒྱལ་ལོ་བརྒྱ། དེའི་སྲས་རིགས་ལྡན་རྒྱལ་པོ་ཉེར་ ལྔ་པ་དྲག་པོ་འཁོར་ལོ་ཅན་ལོ་བརྒྱ་ཁྲིར་བཞུགས་པས་བུ་སྟོན་དང་གཙང་གི་པཎ་ཆེན་སོགས་ཀྱིས་དྲག་པོ་འཁོར་ལོ་ཅན་ལྔ་བཅུ་བཞེས་དུས་དམག་དཔུང་རྒྱ་གར་ནས་ཡོང། ཕུག་ལུགས་བཻ་དཀར་རྗེས་འབྲངས་བཅས་ པས་དྲག་པོ་འཁོར་ལོ་ཅན་ལོ་གོ་བདུན་ལོན་པ་ན་དམག་དཔུང་ཡོང་ཟེར། དེ་གཉིས་གང་ལྟར་ཡང་རྒྱ་གར་རྡོ་རྗེ་གདན་གྱི་ཀླ་ཀློ་བཅོམ། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ཤར་ལུས་འཕགས་པོ། ལྷོ་འཛམ་ བུ་གླིང་པ་ལ་སངས་རྒྱས་ཀྱི་བསྟན་པ་དུས་བཞི་ཕྱི་མ་གསར་དུ་འཛུགས། དྲག་པོ་འཁོར་ལོ་ཅན་ལོ་བརྒྱ་ལོན། འཕགས་པ་ཀླུ་སྒྲུབ་སྐུ་རྡོ་ལ་འགྱུར་བ་གསོས། འཕགས་པ་ཀླུ་སྒྲུབ་དང། རྒྱལ་བ་ཙོང་ཁ་པའི་སྐུ་གདུང་ རིན་ཆེན་ཆོས་རྒྱལ་གྱིས་གསོས་ཏེ་རྒྱལ་བ་ཙོང་ཁ་པ་གཉིས་དངོས་སུ་ཕེབས་ཆོས་བསྟན། དྲག་པོ་འཁོར་ལོ་ཅན་གྱི་སྲས་གཞོན་པ་ལྷ་དབང་རྒྱ་གར་ན་རྒྱལ་པོར་བསྐོས། སྲས་རྒན་པ་ཚངས་དབང་བྱང་ཤམ་བྷ་ [459A]༄༅། །ལར་རྒྱལ་པོར་བསྐོས། དེ་ནས་སྲས་འོད་སྲུང་སོགས་རྒྱལ་རྒྱུད་དགུ་ཡོང། དེ་དགུ་རྫོགས་པ་དང། ཤཱཀྱ་ཐུབ་པའི་བསྟན་པ་ལོ་བརྒྱ་ཕྲག་ལྔ་བཅུ་རྫོགས་པ་དུས་མཉམ་པའོ། །ད་ལྟ་སངས་རྒྱས་ཀྱི་བསྟན་ པ་ཇི་ཙམ་སོང་ཞེ་ན། རབ་བྱུང་བཅུ་གསུམ་པའི་མེ་བྱ་ལ་ཚུལ་ཁྲིམས་ལེའུ་ལྔ་བརྒྱ་ཕྲག་གཅིག་ཡོད་པའི་བརྒྱ་ཕྲག་གཅིག་དང་ང་བརྒྱད་སོང། ཕུག་ལུགས་ཡིན། བུ་སྟོན་དང། མཁས་གྲུབ་ལྟར་ན། བརྒྱ་ཕྲག་གཉིས་ ཐམ་པ་སོང། བྱང་ཤམ་བྷ་ལར་རིགས་ལྡན་རྒྱལ་པོ་ཉེར་ལྔ་འབྱུང་བ་སངས་རྒྱས་ཤཱཀྱ་ཐུབ་པས་ལུང་བསྟན་པའི་རྒྱལ་པོ་བཅུ་དགུ་པ་རྣམ་གནོན་རྒྱལ་པོའི་ཁྲི་ལ་ཕེབས་ནས་རབ་བྱུང་བཅུ་གསུམ་པ་མེ་བྱ་ལ་ལོ་ལྔ་བཅུ་ང་ གཅིག་སོང། ཕུག་ལུགས་དེ་ལྟར་ཡིན། མཁས་གྲུབ་དགེ་ལེགས་དཔལ་བཟང་དང། བུ་སྟོན་ལྟར་ན། རིགས་ལྡན་བཅུ་དགུ་པ་རྣམ་གནོན་ཁྲི་ལ་ཕེབས་ནས་རབ་བྱུང་བཅུ་གསུམ་པའི་མེ་བྱ་ལོར་དགུ་བཅུ་གོ་ གཉིས་སོང། །ཞེས་པ་འདི་ཡང་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་བསྒྲིགས་པའོ།། །། [460B]